[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀྲུང་གོས་རང་ཉིད་ཀྱི་རྒྱལ་བབ་དང་བསྟུན་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-14

    ཚེས་10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2018ལོའི་པོ་ཨའོ་ཨེ་ཤེ་ཡའི་གླིང་སྟེགས་ཀྱི་ལོ་ཚོགས་ཀྱི་འགོ་ཚུགས་ཚོགས་འདུའི་ཐོག་བཞེད་དོན་གཙོ་བའི་གཏམ་བཤད་གནང་ནས་རང་རྒྱལ་གྱི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། ཀྲུང་གོས་རང་འགུལ་ངང་སྒོ་འབྱེད་པའི་བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཚོགས་ར་ཡོངས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།

    ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་པ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ནང་ཀྲུང་གོས་གཉིས་ཁེ་གཉིས་ཕན་གྱི་འདུ་ཤེས་ཐོག་ནས་རང་ཉིད་ཀྱི་འཕེལ་རྒྱས་ཀྱི་གནས་ཚུལ་དང་བསྟུན་ནས་སྐྱོད་པ་ལས། གཞན་གྱི་ལྟ་སྟངས་ལ་བརྟེན་ནས་བྱ་བ་སྒྲུབ་མི་སྲིད།

    སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐད། ཀྲུང་གོར་ཆོད་སེམས་ཆེན་པོ་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40ཡི་རིང་། ཀྲུང་གོས་སྒོ་མོ་ཕྱེ་སྟེ་འཛུགས་སྐྲུན་བྱ་རྒྱུ་མཐའ་འཁྱོངས་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་། ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད། འགོ་འཛུགས་ས་གསར་པའི་ཐོག་ནས་ཀྲུང་གོས་སྒོ་འབྱེད་ཀྱི་ཁྱབ་ཁོངས་དང་རིམ་པ་སྔར་བས་རྒྱ་ཆེར་གཏོང་བ་དང་། སྒོ་དབྱེའི་སྒྲིག་གཞིའི་ཁྱབ་ཚུལ་དང་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་དབྱེའི་བྱེད་ཐབས་ཐོག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། དེ་ཐོག་ནས་ཀྲུང་གོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དེ་གནས་སྐབས་ཀྱི་བྱེད་ཐབས་ཤིག་ཙམ་མིན་པར། དེ་ནི་དུས་རབས་གསར་པའི་དཔལ་འབྱོར་འཕེལ་རྒྱས་དང་འཚམ་པའི་བྱེད་ཐབས་ཤིག་ཡིན་པ་མཐོང་ཐུབ།

    སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐད། ཀྲུང་གོར་ལྷག་བསམ་ལྡན་ཡོད། འཛམ་གླིང་འདི་ཉིད་གཅིག་ལ་གཅིག་བརྟེན་དང་ཕན་ཚུན་མཉམ་གནས་ཀྱི་ས་གོ་ལའི་གྲོང་ཚོར་གྱུར་ཡོད། རྒྱལ་ཁབ་ཁག་དབར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཉིན་བཞིན་ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་དབར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། མཉམ་མཐུད་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བ་དང་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་གདམ་གར་གྱུར་ཡོད། འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་རྒྱུན་ཆད་མེད་པར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཁག་གི་མི་དམངས་རྣམས་ཀྲུང་གོའི་འཕེལ་རྒྱས་ཀྱི“མྱུར་འཁོར”དང“བདེ་འཁོར”ནང་སྡོད་རྒྱུར་དགའ་བསུ་ཞུ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་ཀྲུང་གོ་འདི་ཉིད་ཕྱོགས་མང་རིང་ལུགས་ཀྱི་ཆེས་གལ་འགངས་ཆེ་ཤོས་ཀྱི་ཀ་རྟེན་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་མེད་ཐབས་མེད་པ་དང་ཡིད་ཆེས་ཆོག་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད་ཅེས་གསུངས་ཡོད།

    སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཐད། ཀྲུང་གོར་རྩ་དོན་ཡོད། “གཉིས་ཁེ་གཉིས་ཕན”ནི་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལྟེ་བའི་ནང་དོན་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དེ་ལྟར་ཤོད་ཀྱི་ཡོད་ལ་དེ་ལྟར་ཡང་བྱེད་ཀྱི་ཡོད། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཐད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་ཁོག་རྩིས་ཆུང་ཆུང་མི་རྒྱག་པ་དང་སྒོ་རྒྱག་དང་གཞན་ཕྱིར་འབུད་ཀྱི་ཁོག་རྒྱ་ཆུང་ངུ་བྱེད་མི་སྲིད་ལ་བཙན་ཉོ་བཙན་འཚོང་ཡང་དེ་བས་མི་བྱེད་པ་དང་ཆབས་ཅིག ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཐད་རྒྱལ་ཁབ་ཀྱི་ཁེ་ཕན་དེ་བས་བློས་གཏོང་བྱེད་མི་སྲིད། རྒྱལ་ཁབ་གང་ཞིག་གིས་གཉའ་གནོན་ནམ་ཡང་ན་འཇིགས་སྐུལ་གྱི་ལྐོག་གཡོ་བཅངས་ན་མཐར་སི་རས་ཆུ་བླུགས་པ་བཞིན་འབྲས་བུ་གང་ཡང་ཐོན་མི་སྲིད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།