[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞི་རིམ་རྩ་འཛུགས་དེ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ལུའུ་ཝུན་ཅིང་།    |    སྤེལ་དུས།   2018-01-10

    2011ལོའི་ཟླ་10པ་ནས་བཟུང་། ལྗོངས་ཡོངས་སུ་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཚུན། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཁྲི་ཕྲག་གིས་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རི་ཁུག་གི་འབྲོག་ར་དང་ཐག་རིང་གི་ཞིང་འབྲོག་ཁུལ་དུ་བསྐྱོད་དེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་བ་དང་། “5+2”ཀྱི་གྲོང་སྡོད་ལས་འགན་ལ་དམ་པོར་དམིགས་པ། འཐབ་ས་དང་པོ་བརྟན་པོར་བསྲུངས་ནས་རྨང་གཞི་བརྟན་དུ་བཏང་བ། བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དོན་དུ་གཉེར་བ། བློ་གཅིག་སེམས་གཅིག་གིས་དམངས་འཚོར་ཕན་འདོགས་པ། སེམས་ནུས་གཅིག་སྒྲིལ་གྱིས་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད། ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

    གཞི་རིམ་ཏང་རྩ་འཛུགས་ནི་མང་ཚོགས་དང་ཤ་ཁྲག་འདྲེས་པའི“ཁྲག་རྩ”དང“འཁོར་རྒྱུག་མ་ལག”ལྟ་བུ་ཡིན་པས། ལས་བྱེད་པའི་སྤྱོད་ཚུལ་ཡག་པོ་ཡོད་མེད་དང་མང་ཚོགས་ཀྱིས་ཀྲུང་དབྱང་གི་སྲིད་ཇུས་ཤེས་རྟོགས་ཐུབ་མིན་གྱི་འགག་རྩ་གཞི་རིམ་ཏང་རྩ་འཛུགས་ལ་ཐུག་ཡོད། རྨང་བརྟན་དམངས་ཕན་བྱེད་སྒོའི“5+2”ལས་འགན་ཁྲོད་ཀྱི་ལས་འགན་ཨང་དང་པོ་སྟེ། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་ནི་རྨང་བརྟན་དམངས་ཕན་བྱེད་སྒོའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས་2020ལོར་སླེབས་སྐབས། རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་བྱེད་དགོས་པ་བཏོན་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་དབུལ་པོ་བསྐྱར་ལོག་བྱེད་ཚད་མཐོ་བ་དང་“མཁྲེགས་སར་གཏུགས་དཀའ་བ”སོགས་ཀྱི་དཀའ་ངལ་སྔར་བཞིན་ཆེན་པོ་ཡོད། དེ་ནི་རང་ལྗོངས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཚོད་འཛིན་བཟོ་བའི་ཞན་ཆའི་གྲས་ཤིག་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་སྔར་བཞིན་ལྕི་པོ་ཡོད།

    ཉིན་ཤས་གོང་འཚོགས་པའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོང་ཚོ་དབུལ་པོར་བཅའ་སྡོད་ལས་དོན་རུ་ཁག་འདེམས་གཏོང་དང་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ལས་དོན་སླར་ཡང་བཀོད་སྒྲིག་བྱས་ནས། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་ནས་འགོ་བཙུགས་ཏེ་མི་སྣ་འདེམས་གཏོང་ཐད་ཚད་ལྡན་དུ་གཏོང་བ་དང་། ལས་འགན་ཁ་གསལ་དུ་གཏོང་བ། རྒྱུན་གཏན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། དཔྱད་ཞིབ་ལྕག་སྐུལ་ནན་དུ་གཏོང་བ། གྲོང་སྡོད་རོགས་སྐྱོར་ཁྲོད་མི་སྣ་ཡག་པོ་བདམས་མེད་པ་དང་། དོ་དམ་ནན་པོ་མེད་པ། སྤྱོད་ཚུལ་ཡག་པོ་མེད་པ། འགན་ལེན་ཡག་པོ་མི་བྱེད་པ་སོགས་ཀྱི་གནད་དོན་བསལ་རྒྱུར་ཤུགས་རྒྱག་པ་བཅས་བྱས་ནས་གྲོང་ཚོ་དབུལ་པོར་བཅའ་སྡོད་ལས་དོན་རུ་ཁག་འདེམས་གཏོང་གནད་སྨིན་དང་། རོགས་སྐྱོར་ཏན་ཏིག མང་ཚོགས་བློ་ཡིད་ཚིམ་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཏང་གི་རྩ་བ་གཞི་རིམ་དུ་ཡོད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩ་དེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་ནུས་ལ་ཐུག་ཡོད། རང་ལྗོངས་ཀྱིས་དུས་བཀག་བཞིན་དབུལ་སྒྲོལ་གྱི་དམིགས་ཚད་ལེགས་སྒྲུབ་བྱེད་དགོས་ཚེ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲོང་ཚོ་དབུལ་པོ་དང་དབུལ་སྒྲོལ་བྱེད་དཀའ་བའི་དུད་ཚང་དབུལ་པོ་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས་པ་དང་གཞི་རིམ་ལ་དམ་འཛིན་དང་གཞི་རིམ་སྟོབས་ཆེར་གཏོང་བའི་ལས་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།