[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ཏེ་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

    ​ —— རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-05

    2017ལོའི་ཟླ་11ཚེས་9ཉིན་ནས་བཟུང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་བོད་དུ་སྒྲོག་འགྲེལ་བྱེད་པར་ཡོང་བ་མཚོན་རྟགས་སུ་བྱས་ཏེ་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་སྤེལ་འགོ་ཚུགས་པ་དང་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ཏེ་ས་ཆ་ཁག་དང་སྡེ་ཚན་ཁག་ཏུ་བསྐྱོད་ནས་གཅིག་སྡུད་སྒྲོག་འགྲེལ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་སྣེ་འཁྲིད་དེ་སྒྲོག་འགྲེལ། ལས་བྱེད་པ་ཁྲིས་རྒྱ་ཁྱབ་ངང་སྒྲོག་འགྲེལ། ཞིང་འབྲོག་པའི་སྒྲོག་འགྲེལ་པས་བཅའ་སྡོད་བྱ་ཡུལ་དུ་སྒྲོག་འགྲེལ་བཅས་བྱས་པས་རིམ་པ་བཞིན་སྒྲོག་འགྲེལ་དང་ཁྱོན་ཡོངས་ལ་ཁྱབ་རྒྱུར་མངོན་འགྱུར་ཐུབ་པ་རེད།

    སྒྲོག་འགྲེལ་བྱས་པ་བརྒྱུད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་རྟོགས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་དང་བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་གལ་ཆེན་ཐོག་གཅིག་ཏུ་སྒྲིལ་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་སྐུལ་འདེད་གཏོང་བ་དང་།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་པ་བཅས་བྱ་ཆེད་འབད་འཐབ་ལྷོད་མེད་བྱས་པ་རེད།

    “སྒྲོག་འགྲེལ་ཆ་ཚང་བ་དང་། ཡང་དག་པ། འཕྱུག་པ་མེད་པ། གནད་ལ་འཁེལ་བ། གསོན་ཉམས་ལྡན་པ་བཅས”མཐའ་འཁྱོངས་བྱས་པ།

    ཟླ་11ཚེས་8ཉིན་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་སྒྲོག་འགྲེལ་སྐུལ་སློང་ཚོགས་འདུ་འཚོགས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་། ལྗོངས་དྲ་སྦྲེལ་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཡིན་པའི་སྤེན་པ་བཀྲ་ཤིས་ཀྱིས་སྒྲོག་འགྲེལ་པ་ཡོངས་ལ“སྒྲོག་འགྲེལ་ཆ་ཚང་བ་དང་། ཡང་དག་པ། འཕྱུག་པ་མེད་པ། གནད་ལ་འཁེལ་བ། གསོན་ཉམས་ལྡན་པ་བཅས”བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    “སྒྲོག་འགྲེལ་ཆ་ཚང་བ”ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱི་བསམ་བློའི་སྙིང་བཅུད་དང་བསྟན་དོན་གཙོ་བོ་སྒྲོག་འགྲེལ་ཆ་ཚང་བ་དང་ཁ་གསལ་པོ་བྱེད་པ་དེ་ཡིན་པ་ལས་སློབ་དེབ་སྒྲོག་སྦྱངས་ཙམ་བྱེད་མི་རུང་བ་དང་། “སྒྲོག་འགྲེལ་ཡང་དག་པ”ནི་ནང་དོན་འགྲེལ་བཤད་རྒྱག་རྒྱུར་དོ་སྣང་དང་ཤུགས་བསྟན་ནང་དོན་ཁོང་དུ་ཡང་དག་བྱས་ཏེ་སྒྲོག་འགྲེལ་གྱི་གཞི་རྩའི་ནང་དོན་དང་གཞི་རྩའི་ལྟ་བ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་གཅིག་མཚུངས་ཡོང་བའི་འགན་ལེན་བྱ་རྒྱུ་དེ་ཡིན་པ། “སྒྲོག་འགྲེལ་གསོན་ཉམས་ལྡན་པ”ནི་སྒྲོག་འགྲེལ་གྱི་དམིགས་སའི་རང་བཞིན་དང་། དངོས་ཕན་རང་བཞིན། ཡིད་དབང་འགུག་ནུས་བཅས་ཆེ་རུ་གཏོང་རྒྱུ་དེ་ཡིན་པ། “སྒྲོག་འགྲེལ་གནད་ལ་འཁེལ་བ”ནི་སྒྲོག་འགྲེལ་བྱེད་སྐབས་བོད་ཀྱི་ལས་ཀའི་དོན་དངོས་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་གནང་བའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་དང་ཟུང་འབྲེལ་བྱ་རྒྱུ་དེ་ཡིན།

    རྒྱ་ཆེའི་སྒྲོག་འགྲེལ་པ་ཚོས་འགན་འཁྲི་བློ་ལ་བརྟན་པོ་བཅངས་ཏེ་སྒྲོག་འགྲེལ་གྱི་སྒྲིག་ཁྲིམས་ནན་པོ་དང་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པའི་བྱ་ཐབས། གོ་བདེ་ལ་རྟོགས་སླ་བའི་སྐད་ཆ། ཞིབ་ལ་བདེན་པའི་གྲངས་གཞི། གསོན་ཉམས་ལྡན་པའི་དཔེ་མཚོན་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རྒྱ་ཆེའི་ཏང་ཡོན་ལས་བྱེད་མང་ཚོགས་ཚོའི་སེམས་ནང་ཟུག་པར་བྱས་པ་རེད།

    སྒྲོག་འགྲེལ་ཐེངས་བཅུ་གྲངས་ཁ་ཤས་བྱས་ཟིན་པའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་ལྗོངས(ཀྲུང་དབྱང)ཐད་གཏོགས་ཡན་ལག་ཚོགས་པའི་ཁོངས་མི་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(སྲིད་འཛིན་སློབ་གླིང)དགེ་རྒན་ཆེ་མོ་བ་གཞོན་པ་ཆོས་འཛོམས་ཀྱིས་རྒྱ་ཆེའི་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་སྒྲོག་འགྲེལ་བརྒྱུད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་ངོས་འཛིན་གཏིང་ཟབ་བྱུང་བ་དང་ཏང་དང་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་དམིགས་ཚད་གསར་པར་ཡིད་ཆེས་ཆེ་རུ་ཕྱིན་པ་མ་ཟད། ཆབ་སྲིད་ཀྱི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད། དེ་དང་ཆབས་ཅིག་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ལ་འཕྲད་པའི་འགྲན་སློང་དང་གནད་དོན་ལ་ངོས་འཛིན་སྔར་བས་གསལ་པོ་ཐུབ་ནས་འགན་ཁུར་བའི་སྙིང་སྟོབས་དང་འགན་འཁྲིའི་བསམ་པ་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

    ལྷ་ས་ཡན་ལག་ཚོགས་པའི་ཁོངས་མི་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཧུའུ་ཅེས“སྒྲོག་འགྲེལ་གྱི་ཕན་འབྲས་ཧ་ཅང་ཡག་པོ་ཐོན་སོང་། རྒྱ་ཆེའི་སྒྲོག་འགྲེལ་བྱ་ཡུལ་མང་ཚོགས་ཚོས་སྒྲོག་འགྲེལ་བརྒྱུད་ཏང་ཀྲུང་དབྱང་གིས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་བཏིང་བའི་་བཀོད་པ་དང་ཐབས་ཇུས་མྱོང་ཚོར་ཐུབ་ནས་འབྱུང་འགྱུར་ལ་ཡིད་ཆེས་དང་རེ་བས་ཁེངས་ཐུབ་ཡོད། ལྷག་པར་དུ་གྲོང་གསེབ་ཏུ་སྐྱོད་སྐབས་ང་ཚོས་ཏང་ཀྲུང་དབྱང་གིས་བོད་ལ་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱས་པས་ཁོང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད”ཅེས་བཤད་པ་རེད།

    སྔ་ཕྱི་བར་གསུམ་དུ“སློབ་སྦྱོང་གཏིང་ཟབ་དང་གོ་བ་མཐར་ཕྱིན་པ་ལེན་རྒྱུ”མཐའ་འཁྱོངས་བྱས་པ།

    བྱང་རྩྭ་ཐང་ནས་ཡར་ཀླུང་གཙང་འགྲམ་བར་དང་བོད་ནུབ་མཐོ་སྒང་ནས་གཙང་གསུམ་རྒྱུག་ཁུལ་བར། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་རེ་རེ་བཞིན་དུས་བཀག་ལྟར་འཚོགས་ཡོད། ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ལྷོ་ཁ། ཆབ་མདོ། ནག་ཆུ། མངའ་རིས་བཅས་ཀྱི་གཞི་རིམ་སྡེ་ཁུལ་དང་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པའི་ས་ཆ་ཁག་དང་སྡེ་ཚན་ཁག་གི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུར་མིས་ཁེངས་ཤིང་། ཚང་མས་བློ་རྩེ་གཅིག་སྒྲིམ་ངང་ཉན་པ་དང་། ཟིན་བྲིས་ཡག་པོ་རྒྱག་པ། ལྷག་བསམ་རྣམ་དག་ངང་དོགས་གནད་འདྲི་བ་བཅས་བྱེད་ཀྱི་ཡོད།

    རང་སྐྱོང་ལྗོངས་ཀྱི་སྒྲོག་འགྲེལ་ཚོགས་པ་ཆབ་མདོ་ཡན་ལག་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐོག་མ་གྲོལ་རྗེས་ཚང་མས་སྒྲོག་འགྲེལ་བྱེད་མཁན་ཆབ་མདོ་ཡན་ལག་ཚོགས་པའི་ཚོགས་གཙོ་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཏང་ཨུད་ཧྲུའུ་ཅི་ཝང་ནེང་ཧྲེང་དང་སྤེལ་རེས་བྱས་པ་རེད།

    རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པ་ལྷོ་ཁ་ཡན་ལག་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐོག་མའི་ཐོག་ཚོགས་ཞུགས་མི་སྣ་མི་ཉུང་བ་ཞིག་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་སློབ་སྦྱོང་བྱེད་པའི་ཟུར་ཁྲིད་དཔྱད་གཞི་འཁྱེར་ཏེ་སྒྲོག་འགྲེལ་ནང་དོན་དང་ཟུང་འབྲེལ་བྱས་ཏེ་ཞིབ་བསྡུར་སློབ་སྦྱོང་ཡང་ཡང་བྱས་པ་རེད།

    སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཚང་མས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། ལག་བསྟར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

    སྔ་བར་ཕྱི་གསུམ་དུ“སློབ་སྦྱོང་བྱེད་ཞོར་ལས་དོན་བསྒྲུབ་རྒྱུ”མཐའ་འཁྱོངས་བྱས་པ།

    ལས་སྟེགས་དང་བྱ་ཐབས་སྣ་མང་སྤྱད་དེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་ངང་སློབ་སྦྱོང་གཏིང་ཟབ་བྱས་པ་དང་ཆབས་ཅིག་རྒྱ་ཆེའི་སྒྲོག་འགྲེལ་བྱ་ཡུལ་མང་ཚོགས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་སློབ་སྦྱོང་བྱེད་ཞོར་ལས་དོན་བསྒྲུབ་རྒྱུ་དང་། སློབ་སྦྱོང་བྱེད་རིང་ལས་དོན་བསྒྲུབ་རྒྱུ། ལས་དོན་སྒྲུབ་རིང་སློབ་སྦྱོང་བྱ་རྒྱུ་བཅས་མཐའ་འཁྱོངས་བྱེད་པའི་རྣམ་འགྱུར་གསལ་པོ་བསྟན་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་གསར་འགྱུར་དྲིལ་བསྒྲགས་ཁོའོ་ཡི་ཀྲང་ཡུས་ཅེ་ཡིས་གསར་འགོད་པར“སྒྲོག་འགྲེལ་ཉན་རྗེས་ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། དར་ཆ་མཐོན་པོར་སྒྲེང་བ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ། ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་མངའ་རིས་ཀྱི་དྲིལ་བསྒྲགས་ལས་ཀའི་ལེའུ་གསར་པ་ཧུར་ཐག་རྩོམ་ནས‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང”ཞེས་བཤད་པ་རེད།

    ཟླ་11ཚེས་18ཉིན་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཏང་ཨུད་ཀྱི་ཨུ་ཡོན་ཞུས་ཝུན་ཧྭ་ཡིས་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་ཐོ་ཤང་དང་། ཨ་དབང་ཤང་། ལྷ་རྒྱལ་ཤང་བཅས་སུ་ནང་དོན་ཟབ་ཅིང་ཉན་སྤྲོ་བའི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གྱི་སྙན་ཞུའི་ཚོགས་འདུ་ཐེངས་གསུམ་འཚོགས་ཡོད།

    ལྷ་ཐོ་ཤང་གི་ལས་བྱེད་པ་ཧོང་ཧོན་གྱིས“གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངས་རང་ཉིད་ཀྱི་ལས་སྒོའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་མི་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་རེ་རེ་བཞིན་ཡག་པོ་སྒྲུབ་པ་དང་དམངས་ཀྱི་ཆེད་དུ་བྱ་བཟང་དང་དོན་དངོས་སྒྲུབ་ཐུབ་པ་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་བསྟར་རྒྱུ་ཡིན”ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།