[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • དབུལ་སྒྲོལ་འགག་སྒྲོལ་བྱ་རྒྱུ་འདི་ཉིད་ལས་དོན་མཐའ་དག་གི་ལྟེ་བར་འཛིན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཝང་ཅེ།    |    སྤེལ་དུས།   2017-08-11

    བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་ས་ཁུལ་དབུལ་པོ་འབའ་ཞིག་དེ་ཡིན་ལ་དབུལ་པོའི་གཞི་ཁྱོན་ཆེ་ཤོས་དང་དབུལ་པོའི་གཏིང་ཚད་ཟབ་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་དུས་གཅིག་ཏུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུའི་འདོད་དོན་ཞལ་བཞེས་བརྗིད་ཉམས་ལྡན་པའི་ངང་གནང་ཡོད་པ་རེད།

    དེར་བརྟེན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གྱུར་དང་། ཀུན་སེམས་གཅིག་སྒྲིལ། དཀའ་སྤྱད་འབད་འབུངས། འགག་སྒྲོལ་དཀའ་སེལ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་འདི་ཉིད་ལས་དོན་མཐའ་དག་གི་ལྟེ་བར་བརྩིས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

    བསམ་བློའི་སྐུལ་སློང་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་དབུལ་པོར“དབུལ་པོ་དྲུང་ནས་ཕྱུང་བའི”བློ་སྟོབས་བསྐྱེད་པར་རོགས་རམ་བྱེད་དགོས་ཤིང་། དབུལ་པོ་ལས་སྒྲོལ་བར་དང་ཐོག་ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་འདུ་ཤེས་ལ་ཁྲིད་སྟོན་བྱེད་པ་དང“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ཁྱད་བསད་བྱས་ནས་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་རང་རྟོགས་ངང་སྐུལ་མ་ཧུར་ཐག་གཏོང་དགོས། སྔོན་ལ་ཕྱུག་པོ་ཆགས་པ་མ་ཟད། རོགས་རམ་དང་སྣེ་ཁྲིད་ཀྱི་འཇོན་ཐང་ལྡན་པའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དབུལ་པོ་ཆ་སྒྲིག་རོགས་སྐྱོར་བྱེད་དུ་བཅུག་སྟེ་ཁོང་ཚོ་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད་བྱེད་དགོས།

    ཐོན་སྐྱེད་གོང་སྤེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་དབུལ་པོར“ཕྱུག་འགྱུར་ལས་གཏོད”ཡོང་བའི་རོགས་རམ་བྱེད་དགོས་ཤིང་། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་མང་ཚོགས་དབུལ་པོར་ཇུས་གཞི་འདོན་པ་དང་འདུ་ཤེས་བསྒྱུར་རྒྱུའི་རོགས་རམ་བྱས་ཏེ་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་དང་། སྣོད་བཅུད་ཡུལ་སྐོར་ལས་རིགས། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་བཅས་གོང་འཕེལ་ཤུགས་ཆེན་ཡོང་བ་བྱེད་དགོས། མང་ཚོགས་དབུལ་པོའི་སྣེ་ཁྲིད་དེ་གསར་གཏོད་ལས་གཏོད་བྱས་ནས་ལྗང་མདོག་འཕེལ་རྒྱས་དང་ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་གི་ཐོག་བསྐྱོད་དགོས།

    འཆར་འགོད་སྣེ་ཁྲིད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་དབུལ་པོར“དབུལ་པོའི་འབྱུང་རྩ”སེལ་རོགས་བྱེད་དགོས་ཤིང་། གནས་སྤོས་དབུལ་སྐྱོར་ནི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་མ་ལག་གི་ལས་གྲྭ་ཞིག་ཡིན་པས་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། ས་སྟོང་འཆར་འགོད་དང་ཁང་པ་འཛུགས་སྐྲུན་གྱི་འཆར་འགོད་ཡག་པོ་བྱེད་དགོས་པ་མ་ཟད། ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་དང་། གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་འཆར་འགོད། ལས་ཞུགས་དང་ཕྱུག་འགྱུར་གྱི་འཆར་འགོད་བཅས་སྤྱི་འདོམས་སྔར་བས་ཡག་པོ་བྱས་ནས་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།