[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཁྱད་ཆོས་འབུར་ཐོན་དང་ལག་ལེན་ལ་མཐོང་ཆེན་བྱས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིར”ཕན་འབྲས་ཐོན་པའི་འགན་ལེན་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ ཀྲའོ་ཅན་གོ    |    སྤེལ་དུས།   2017-07-09

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་ནི་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་དང་ལྷག་པར་དུ་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ནས“འདུ་ཤེས་བཞིའི”ནང་གི་སྲོག་ཤིང་ལ་མིག་ལྟོས་བྱ་རྒྱུ་སྔར་བས་ཆེ་རུ་བཏང་སྟེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་བའི་ཐབས་ཇུས་གལ་ཆེན་ཞིག་ཡིན་ལ་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ལེགས་འགྲུབ་ཡག་པོ་བྱེད་དགོས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཀྱང་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་ངང་སྤེལ་ཞིང་། ཆབ་མདོའི་དོན་དངོས་ལ་གཞི་ཚུགས་ནས་བྱ་བར་བསྟུན་ནས་འགྱུར་བ་དང་། སྐབས་དང་བསྟུན་ནས་ཡར་རྒྱས་གཏོང་བ། གནས་ཚུལ་དང་བསྟུན་ནས་གསར་འབྱེད་བཅས་བྱེད་དགོས། ཞིང་འབྲོག་མང་ཚོགས་ལ་དམིགས་ནས་དེ་སྔོན་གྱི་བསམ་བློའི་སློབ་གསོའི་ལག་ལེན་བྱེད་སྒོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བེད་སྤྱོད་དང་སྣུར་སྲིང་བྱས་ནས“ཡར་ལང་བ་བརྒྱད”ཀྱི་བྱེད་སྒོ་ལག་ལེན་ཤུགས་ཆེན་བསྟར་དགོས་པ་དང་། གཞོན་ནུ་ལོ་ཆུང་གི་སློབ་མར་དམིགས་ནས་གཞོན་ནུ་ལོ་ཆུང་གི་སེམས་ཁམས་སྐྱོན་བྲལ་ཡོང་བར་ཤུགས་རྐྱེན་ཐེབས་པའི་འཚོ་བའི་ཁོར་ཡུག་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་མི་ལེགས་པ་འབྱུང་རྩ་ནས་བཀག་འགོག་བྱས་ཏེ“གསལ་པོ་བཞི་ཤོད་དགོས་པའི”བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས་པ། དགོན་སྡེའི་གྲྭ་བཙུན་ལ་དམིགས་ནས་ཏང་གཅེས་རྒྱལ་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་སོགས་གཏིང་ཟབ་སྤེལ་ནས་གྲྭ་བཙུན་ཚོར་རྒྱལ་གཅེས་ཆོས་གཅེས་དང་སྒྲིག་བརྩི་ཁྲིམས་སྲུང་གི་ཁྲིད་སྟོན་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།

    སློབ་གསོ་ལག་ལེན་བྱེད་སྒོ་བརྒྱུད་ནས་མི་རིགས་ཁག་གི་མང་ཚོགས་ཚོར་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་། མཐུན་སྒྲིལ་ལ་སྣང་ཆེན། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན། ཤེས་དཔལ་ལ་སྣང་ཆེན་བཅས་བྱ་རྒྱུའི་ཁྲིད་སྟོན་བྱས་ནས་སྲོག་ཤིང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། ཁྱིམ་གཞིས་ལ་དགའ་ཞེན། འཚོ་བར་དགའ་ཞེན་བཅས་ཀྱི་རིན་ཐང་ལྟ་བ་འཛིན་ཕྱོགས་དང་ལྷག་བསམ་ཟོལ་མེད་ཀྱི་བསམ་བློའི་འཁྱེར་སོ་སྐྱེད་སྲིང་བྱས་ཏེ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་བསམ་བློའི་རྨང་གཞི་དང་། མང་ཚོགས་ཀྱི་རྨང་གཞི། གཞི་རིམ་གྱི་རྨང་གཞི་བཅས་བརྟན་དུ་བཏང་ནས་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་དང་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་སྐོང་ཚོགས་བྱ་རྒྱུར་བསུ་བ་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།