[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གྲོང་སྡོད་ལས་དོན་རུ་ཁག་གི་འགག་རྩའི་ནུས་པ་ལེགས་པར་འདོན་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ཧྲི་ཅིན་རུའུ་ཡིས།    |    སྤེལ་དུས།   2017-07-07

    ཉེ་ཆར། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཉིང་ཁྲིའི་གཞི་རིམ་དུ་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་་དགའ་ཞེན་བྱེད་པའི”སྒྲོག་འགྲེལ་དང་སློབ་སྦྱོང་སློབ་གསོའི་བྱེད་སྒོའང་བོད་ཤར་ལྷོའི་རོང་དུ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    གྲོང་སྡོད་ལས་དོན་རུ་ཁག་གི་འགག་རྩའི་ནུས་པ་ལེགས་པར་བཏོན་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོལ་འགྲེལ་བྱེད་སྒོར་སྔར་བས་དངོས་ཕན་ཇི་ལྟར་ཐོབ་པ་བྱེད་པའི་ཐད་སྨྱུག་འཛིན་པས་གཤམ་གྱི་ཕྱོགས་ཁག་ནས་སྒྲུབ་དགོས་པར་སྙམ།

    གཅིག་ནས་གྲོང་སྡོད་ལས་དོན་རུ་ཁག་གི“རྩ་འཛུགས་པའི”ནུས་པ་འདོན་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲོག་འགྲེལ་བྱེད་སྟངས་རྒྱུན་མི་ཆད་པར་གསར་གཏོད་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”འབྲེལ་ཡོད་རིག་རྩལ་འཁྲབ་སྟོན་དང་། གསར་བརྗེའི་གླུ་གཞས་འགྲན་བསྡུར། བོད་གསར་རྙིང་བསྡུར་བའི་པར་རིས་འགྲེམས་སྟོན། དྲིན་ཚོར་གློག་བརྙན་ལྟ་བ་སོགས་ཀྱི་བྱེད་སྒོ་མང་ཙམ་གཉེར་བ་དང་། དེས་མ་ཟད་བྱ་དགའ་ཡོད་པའི་དྲིས་ལན་དང་བྱ་དགའ་ཡོད་པའི་འགྲན་བསྡུར་གཉེར་བ་སོགས་ལ་བརྟེན་ནས་མང་ཚོགས་ཀྱི་སྤྲོ་བ་འཕེལ་བར་བྱས་ནས་དགའ་སྤྲོའི་རྣམ་པའི་ཁྲོད་མང་ཚོགས་ཀྱིས་སྒྲོག་འགྲེལ་ལ་བསུ་བ་ཞུ་བ་དང་ཉན་དུ་འཇུག་དགོས།

    གཉིས་ནས་གྲོང་སྡོད་ལས་དོན་རུ་ཁག་གི“འབྲེལ་གཏུག་པའི”ནུས་པ་ལེགས་པར་འདོན་དགོས། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་དང་གོང་རིམ་དབར་དུ་གོང་རིམ་གྱི་ཆ་འཕྲིན་གཤམ་འོག་ལ་བརྒྱུད་སྤྲོད་དང་གོང་འོག་འབྲེལ་འདྲིས་མཐུན་སྦྱོར་གྱི་ནུས་པ་འདོན་གྱི་ཡོད། ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་དམངས་ཕྱུག་གི་བྱེད་ཐབས་ཁག་འཕྲལ་མར་མང་ཚོགས་ལ་བརྒྱུད་སྤྲོད་དང་སྦྲགས། མང་ཚོགས་ཀྱི་སེམས་ཀྱི་འབོད་སྒྲའང་འཕྲལ་མར་བརྡ་ལན་ཐུབ་པའང་བྱེད་དགོས།

    གསུམ་ནས་གྲོང་སྡོད་ལས་དོན་རུ་ཁག་གི“རྗེས་གྲབས་སྒྲོག་འགྲེལ་པའི”ནུས་པ་ལེགས་པར་འདོན་དགོས། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་མང་ཚོགས་ཀྱི་ཉེ་འཁོར་དུ་ཡུན་རིང་སྡོད་རིང་། ཞིང་དལ་སྐབས་རུ་མི་ཚོས་ཞིང་ནང་དུ་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པར་སྐྱོད་པ་དང་། ཏང་ཡོན་གྱི་ཚོགས་ཆེན་འཚོག་སྐབས་མང་ཚོགས་ལ་སྒྲོག་འགྲེལ་བྱེད་པ། ཡུལ་མི་ཚོ་དང་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཁོང་ཚོར་སྒྲོག་འགྲེལ་བྱེད་པ་སོགས་མདོར་ན། དུས་ཚོད་ཚང་མ་སྤྱད་དེ་རྟག་ཏུ་སྒྲོག་འགྲེལ་དང་གང་སར་སྒྲོག་འགྲེལ་བྱས་ནས་མི་ཚང་མས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དགོངས་དོན་ལ་གོ་བ་གང་ལེགས་བླངས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སེམས་ལ་ཟུག་ཏུ་འཇུག་དགོས་པ་བཅས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།