[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྣང་འོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པ།

    —— བོད་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་མཚམས་ཚིགས་གཉིས་པའི་སྒྲིལ་གླེང་གཉིས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-07

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མི་དམངས་ཡོངས་ལ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ལས་འགན་ལྕི་ལ་ལམ་ཐག་རིང་བས་ང་ཚོ་མི་རེ་ངོ་རེས་མུ་མཐུད་དཀའ་སྤྱད་ངལ་རྩོལ་དང་འབད་འཐབ་ཧུར་ཐག་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    “ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེལ་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕུགས་ལ་དམིགས་པ་དང་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཡིན།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བར་མི་རིགས་ཁག་གི་མང་ཚོགས་ལ་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བྱེད་པ་དང་། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ། ནམ་ཡང“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན། ལེགས་སྐྱེལ་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”བཅས་བྱེད་པའི་སྤྱི་དམངས་ཡག་པོ་དང་། སློབ་མ་ཡག་པོ། གྲྭ་བཙུན་ཡག་པོ་བཅས་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགྱུར་མེད་ཀྱི་དད་སེམས་དང་ཆོད་སེམས་ཆེན་པོ་བརྟན་དུ་གཏོང་དགོས།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོར་སྐུལ་འདེད་བརྟན་པོ་བཏང་བ།

    ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོའི་གཞུང་དོན་ཁང་གི་དྲུང་ཡིག་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧྲེ་ཆི་ཧྥུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བ་དང་ལྷག་པར་དུ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱེད་པའི་དུས་མཚམས་འདིའི་བྱེད་སྒོ་ཡག་པོ་སྤེལ་རྒྱུར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་བདེ་སྐྱིད་ཡིན་པ་དང་ལས་དོན་མཐའ་དག་ཡག་པོ་སྒྲུབ་པའི་རྩ་བའི་སྔོན་འགྲོ་དང་འགན་ལེན་ཡིན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་འབྲེལ་བ་ཡོད་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད། མིག་སྔར་ང་ཚོས་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་ཡག་པོ་དང་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་སྲུང་སྐྱོང་བྱེད་དགོས།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་མཚམས་ཁག་ནི་གཅིག་ལ་གཅིག་འབྲེལ་གྱི་གཅིག་གྱུར་སྤྱི་ཁོག་ཅིག་ཡིན་པ་དང་། དུས་མཚམས་ཁག་ལ་རང་སོ་སོའི་གཙོ་གནད་ཡོད་ཅིང་། དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི”ཁྲོད་སྔར་བཞིན་དུས་མཚམས་དང་པོའི“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”བྱེད་པའི་ནང་དོན་མངོན་པ་དང་། དུས་མཚམས་དང་པོའི་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ་རྒྱུན་གཏན་སྒྲོག་འགྲེལ་ཡག་པོ་བྱེད་དགོས་པ་དང་ཆབས་ཅིག་ཐབས་མང་མཉམ་དུ་ཡག་པོ་སྤྱོད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོར་དམ་འཛིན་ཏན་ཏིག་དང་ཕན་འབྲས་ཐོན་པར་བྱས་པ།

    མངའ་རིས་ས་ཁུལ་གྱིས་ལས་བྱེད་པ་དང་ཞིང་འབྲོག་པའི་སྒྲོག་འགྲེལ་རྐང་འཛིན་པ་ཁག་གཅིག་གསོ་སྐྱོང་བྱས་ཏེ་ཁྱིམ་ཚང་སྒོ་ར་དང་། ཞིང་ནང་མུ་ཁ། འབྲོག་ར་སྦྲ་གུར་སོགས་སུ་བསྐྱོད་དེ་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་བྱས་པ་དང་། གོ་བདེ་ཤེས་སླའི་སྐད་ཆས་ཉེ་འགྲམ་གྱི་དཔེ་མཚོན་དྲངས་ཏེ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད། ཁོང་ཚོས་བྱ་ཐབས་ཆུང་ཙག་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། གཞོན་ནུ་ལོ་ཆུང་སློབ་མ་སོགས་ལ་མཐའ་གཅིག་ཏུ་སྲོག་ཤིང་ལ་གོང་བཀུར་དང་། སྲོག་ཤིང་ལ་ཡིད་ཆེས། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་སྲུང་སྐྱོང་བཅས་བྱེད་པ་དང་ནམ་ཡང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྤྱི་དམངས་ཡག་པོ་ཞིག་བྱེད་པའི་སློབ་གསོ་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་མཚམས་གཉིས་པའི“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”གྱི་འགོ་འཛུགས་ས་མཐོ་བ་དང་། ཚད་གཞི་མཐོ་པོས་སྤེལ་བ། སྤུས་ཚད་མཐོ་པོས་སྐུལ་སྤེལ་གཏོང་བ་བཅས་བྱ་ཆེད། ནག་ཆུ་ས་ཁུལ་གྱིས་ལས་ཀའི་དོན་དངོས་གཞིར་བཟུང་འགོ་ཁྲིད་གཙོ་བོས་འཐབ་ས་དང་པོར་བསྐྱོད་པ་དང་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ་རང་ངོ་མས་འགོ་འཁྲིད་པ་དང་། སྐད་ཆ་འདྲི་བ། བཀོད་སྒྲིག་བྱེད་པ། སྐུལ་འདེད་གཏོང་བ་བཅས་བྱས་ནས་བྱེད་པོའི་འགན་འཁྲི་ལག་ལེན་ཡག་པོ་བསྟར་བ་རེད།

    ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་ཨའོ་ལིའུ་ཆོན་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་གྲ་སྒྲིག་ཏན་ཏིག་དང་བྱ་ཐབས་ཞིབ་ཕྲ་བཟོས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་འཆར་གཞི་དང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བདེ་བླག་གཏོང་དགོས་པ་དང་། འགན་འཁྲི་ཁ་གསལ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་དངོས་ཕན་ཐོབ་པར་བྱེད་དགོས་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་དང་མཐུན་སྦྱོར་སྐུལ་འདེད་བཏང་སྟེ“གཞོགས་གཉིས་ཀར་དམ་འཛིན་དང་། གཉིས་ཀ་འཐུས་ཤོར་མི་ཡོང་བ། གཉིས་ཀར་སྐུལ་འདེད་གཏོང་བ”བཅས་བྱེད་དགོས་ཞེས་བཤད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་སྐལ་བཟང་ཚེ་རིང་གདན་དྲངས་ནས་ཤང(ཁྲོམ་གཞུང)ཁག་དང་། དགོན་སྡེ་དོ་དམ་ཨུ་ལྷན་ཁག སློབ་གྲྭ་འབྲིང་ཆུང་ཁག གྲོང་ཚོ(སྡེ་ཁུལ)ཁག་བཅས་ཀྱི་སྒྲོག་འགྲེལ་པར་གསོ་སྦྱོང་བྱེད་དུ་བཅུག་པ་རེད། སྐལ་བཟང་ཚེ་རིང་གིས“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་པའི”ནང་དོན་ཟབ་མོ་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། ཏང་གི་ལོ་རྒྱུས་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས་སོགས་ཀྱི་སློབ་གསོ་བཏང་ནས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོར་སྐུལ་འདེད་ནུས་ལྡན་བཏང་བ་དང་། མི་རིགས་ཁག་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་རོགས་རེས། ཕན་ཚུན་ཡིད་སྨོན། ཕན་ཚུན་སློབ་སྦྱོང་བཅས་ལ་སྐུལ་འདེད་བཏང་བ། “ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཅངས་ཏེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དགོངས་དོན་གྱི་ནང་དོན་མི་ཀུན་གྱིས་རྟོགས་པར་བྱས་ཡོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་གཏིང་ཟབ་སྤེལ་བ།

    “དེ་སྔོན་གྱི་ཚགས་པར་དང་ཡིག་ཆ་བཀླགས་ནས་དྲིལ་བསྒྲགས་བྱེད་པའི་བྱེད་སྟངས་ནི་ཕྱི་ཚུལ་གྱི་རྣམ་པ་ཙམ་ཡིན་པས་མང་ཚོགས་ཀྱིས་དྲིལ་བསྒྲགས་ཀྱི་ནང་དོན་མི་ཤེས་ལ་བློ་ལ་དེ་བས་ཀྱང་ངེས་མི་ཐུབ། ད་ཆ‘རིག་རྩལ་སྒྲོག་འགྲེལ་པའི’སྐད་ཆ་ཁུ་བསྡུ་དང་། ནང་དོན་དཔེ་གསར། གཙོ་གནད་མངོན་གསལ་དོད་པོས་མང་ཚོགས་ལ་རིག་རྩལ་འཁྲབ་སྟོན་བྱེད་པ་མ་ཟད། ནང་དོན་ཡང་མི་སེམས་སུ་ཟུག་པས‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’སྒྲོག་འགྲེལ་ལས་དོན་ལ་ཕན་འབྲས་བཟང་པོ་ཐོབ་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དཀར་སྒྲོལ་གྱིས་བཤད།

    ཆབ་མདོ་གྲོང་ཁྱེར་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་གཞི་རྟེན་རྒྱུན་ཆད་མེད་པར་བཙལ་འཚོལ་བྱས་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན”བྱས་ནས་གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོར་རེས་སྐོར་གསར་པའི་ཚ་རླབས་འཕྱུར་ཡོད། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྒྲོག་འགྲེལ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་གཅིག་སྡུད་སྒྲོག་འགྲེལ་དང་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པ་ཟུང་འབྲེལ་དང་གྲོང་སྡོད་ལས་དོན་རུ་མིས་སྒྲོག་འགྲེལ་དང་ཞིང་འབྲོག་མང་ཚོགས་ཀྱི་ཏང་ཡོན་འཐུས་མིས་སྒྲོག་འགྲེལ་བྱེད་པ་ཟུང་འབྲེལ་བྱེད་པའི་རྣམ་པ་སྤྱད་དེ་སྒྲོག་འགྲེལ་ལས་དོན་སྤེལ་ཡོད། གྲོང་ཚོའི་དངོས་ཡོད་གནས་ཚུལ་དང་མང་ཚོགས་ཉེ་འགྲམ་གྱི་དཔེ་མཚོན་སྤྱད་དེ་ཏང་གི་རིགས་པའི་གཞུང་ལུགས་སྲིད་ཇུས་དང་བྱེད་སྒོའི་བརྗོད་དོན་གཙོ་བོའི་ནང་དོན་གོ་བདེ་ཤེས་སླའི་སྐད་ཆས་མང་ཚོགས་ལ་སྒྲོག་འགྲེལ་བྱས་ནས་མང་ཚོགས་ཀྱིས་སྟབས་བདེ་པོའི་སྒོ་ནས་དང་ལེན་དང་ཤེས་རྟོགས་ཐུབ་པར་བྱས་པ་དང་ཆབས་ཅིག་ཞིང་འབྲོག་མང་ཚོགས་དང་། དགོན་སྡེའི་གྲྭ་བཙུན། གཞོན་ནུ་ལོ་ཆུང་སློབ་མ་བཅས་ཀྱི་ཏང་གཅེས་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བར་བྱས་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀོང་ཏུང་ཚོད་ལྟའི་སློབ་གྲྭའི་ཏང་ཀྲི་པུའི་ཧྲུའུ་ཅི་སྦྱིན་བཟང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་དོན་འཁྱོལ་བྱས་པ་དང་། སློབ་མ་ཚོར་རང་རེའི་རྒྱལ་ཁབ་ནི་གཅིག་གྱུར་དང་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་གནའ་སྔ་མོ་ནས་བཟུང་མེས་རྒྱལ་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང་དེ་བཞིན་བཅའ་ཁྲིམས་ཁྲིམས་སྲོལ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་རིང་ལུགས་ཀྱི་ལོག་སྤྱོད་ངོ་བོ་བཅས་གསལ་པོ་བཤད་དེ་སློབ་མ་ཚང་མས་ཏཱ་ལའི་རུ་ཚོགས་ནི་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་དང་མེས་རྒྱལ་ཁ་ཕྲལ་གཏོང་མཁན་གྱི་དགྲ་བོ་ཆེ་ཤོས་ཡིན་པས་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་སྤྱོད་བཟང་ལྡན་པའི་གཞོན་ནུ་ཞིག་བྱེད་དགོས་པ་གསལ་པོ་རྟོགས་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།