[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • གཞི་རྟེན་ལེགས་པར་སྤྱད་ནས་བྱེད་སྒོའི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   ​ བདེ་སྐྱིད་སྒྲོལ་དཀར།    |    སྤེལ་དུས།   2017-07-05

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་དང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད་ལྗོངས་ཏང་ཨུད་ཀྱིས་གནང་བའི་བཀོད་སྒྲིག་གལ་ཆེན་ཞིག་རེད་ལ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གནས་ལུགས་གསལ་ཤེས་དང་། དམིགས་ཚད་གཏན་འཁེལ། ཁ་ཕྱོགས་སྟངས་འཛིན། ལམ་སྟོན་སྣེ་ཁྲིད། ཤེས་རྒྱ་ཆེར་གཏོང་། རྨང་གཞི་བརྟན་གཏོང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་འགན་ལེན། རྩ་བ་དམ་འཛིན་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱེད་པའི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་ཀྱང་རེད།

    བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཡག་པོ་འཛུགས་ཐུབ་པ་དང་། གོམ་པ་བརྟན་པོ་སྤོ་ཐུབ་པ། ཕན་འབྲས་ཡག་པོ་ཐོན་ཐུབ་པ་བཅས་ཀྱི་འགན་ལེན་བྱ་ཆེད་ནག་ཆུ་ས་ཁུལ་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མི་6584དང་མི་10921ལས་གྲུབ་པའི་ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་དགོན་སྡེ་དང་། སློབ་གྲྭ ཁྱིམ་ཚང་དང་འབྲོག་ར། ཞིང་ནང་སོགས་སུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་བསྐྱོད་ཡོད།

    སྒྲོག་འགྲེལ་བྱས་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མཚོ་གཉིས་རྫོང་གི་མང་ཚོགས་ཀྱིས་ད་རེས་ཀྱི་སྒྲོག་འགྲེལ་དེ་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་པའི་ཐད་ཀྱི་དུས་ཐོག་ཆར་པ་ལྟ་བུ་རེད་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་དང་། དཔལ་མགོན་རྫོང་བྱེ་ཐང་དགོན་གྱི་དགེ་འདུན་པ་ཞིག་གིས་སྒྲོག་འགྲེལ་ཚོགས་འདུའི་ཐོག་རང་ཉིད་ཀྱི་བསམ་བློའི་མྱོང་ཚོར་གླེང་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྗེས་སུ་ནམ་ཡང་འབྲང་རྒྱུ་ཡིན་ཞེས་བརྗོད། འབྲི་རུ་རྫོང་སློབ་འབྲིང་གི་སློབ་མ་བཅུ་གྲངས་ཀྱིས་རིང་ཚད་སྨི་15ཡོད་པའི“ཀྲུང་གོའི་ཕུགས་འདུན། ལོ་ཆུང་གི་ཕུགས་བསམ”ཞེས་པའི་རི་མོ་བྲིས་ནས་ཏང་གི་བཀའ་དྲིན་ཚོར་སེམས་མཚོན་པར་བྱས་པ་རེད།

    (རྩོམ་པ་པོ་ནི་ནག་ཆུ་ས་ཨུད་ཀྱི་ཨུ་ཡོན་དྲིལ་བསྒྲགས་པུའི་པུའུ་ཀྲང་ཡིན་པ)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།