[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྤྱོད་བཟང་སྲུང་ནས་སྒྲིག་ཁྲིམས་ཐད་ཀྱི་དྭངས་གཙང་བ་ཞིག་བྱེད་དགོས།

    ངོས་འཛིན་དང་བྱ་སྤྱོད་གཅིག་གྱུར་བྱས་ཏེ“སྣང་ཆེན་བཞི་དང་ཡོད་པ་བཞིའི”ཚད་ལོན་ཏང་ཡོན་ཞིག་བྱེད་དགོས་པའི་སྐོར་གྱི་གླེང་ཐེངས་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-05-23

    ཡང་དག་ངང་དབང་ཆ་སྤྱོད་རྒྱུ་དང་། གཟབ་ནན་ངང་དབང་ཆ་སྤྱོད་རྒྱུ། སྤྱོད་གཙང་ངང་དབང་ཆ་སྤྱོད་རྒྱུ་བཅས་ནི་ཏང་ཡོན་ཚད་ལོན་ཡིན་མིན་ལ་ཚད་འཇལ་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་ནས་གུང་ཁྲན་ཏང་ཡོན་ཚང་མས་སེམས་ནང་བཀུར་ས་དང་སྐྲག་ས་ཡོད་པ་དང་། སྲུང་བྱ་དམ་འཛིན་བྱས་ཏེ་རང་རྟོགས་ངང་ཏང་ཁྲིམས་རྒྱལ་ཁྲིམས་ལ་སྲུང་བརྩི་ཞུས་ནས་སྒྲིག་ཁྲིམས་ཐད་ཀྱི་དྭངས་གཙང་བ་ཞིག་བྱེད་དགོས།

    གང་ཞིག་ནི་སྤྱོད་བཟང་ཡིན་ནམ། སྤྱོད་བཟང་ནི“སྒེར་གྱི་ཁེ་ཕན་འཕྲད་སྐབས་རང་གི་ལྟ་བ་མི་འགྱུར་བ་དང་འཆི་སྲོག་ལ་ཐུག་ཀྱང་རང་གི་དད་སེམས་མི་འགྱུར་བའི”ཀུན་སྤྱོད་དང་། “བཙན་ཕྱུག་སུས་ཀྱང་སླུ་མི་ཐུབ། དབུལ་པོར་གྱུར་ཡང་བློ་མི་འགྱུར། འཇིགས་ཟིལ་བསྟན་ཡང་མགོ་མི་སྒུར”བའི་བློ་སྟོབས་ལ་ཟེར། གལ་ཏེ་མི་ཞིག་ལ་སྤྱོད་བཟང་མི་ལྡན་ན། གྲུ་ཁ་འཛོལ་ནས་རླུང་པོའི་ཁྲོད་ཡམ་ཡོམ་དུ་གནས་པ་ལྟར་ཡིན། ཀྲུང་གོ་གུང་ཁྲན་ཏང་མིས་སྤྱོད་བཟང་ལ་སྣང་ཆེན་བྱས་ནས“གྲིབ་མས་མ་གོས་པའི་མི་ཞིག་བྱེད་རྒྱུ་དང་བྱ་བ་གཙང་མ་གཙང་རྐྱང་ཞིག་སྒྲུབ་རྒྱུ”དེ་ཏང་ཡོན་ལས་བྱེད་པའི་རང་ཚུགས་ཀུན་མཐུན་གྱི་ཆེས་རྩ་བའི་མཐའ་ཚད་དུ་བརྩི་གི་ཡོད། བློ་མཐུན་ལིའུ་ཧྲའོ་ཆིས“གུང་ཁྲན་ཏང་ཡོན་གྱིས་མིའི་རིགས་ཀྱི་སྤྱོད་བཟང་མཚོན་གྱི་ཡོད”ཅེས་གསུངས་ཡོད། གུང་ཁྲན་ཏང་ཡོན་ཚང་མས་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྤྱོད་བཟང་ལ་གཙིགས་ཆེན་བྱས་ཏེ་སེམས་ནང་བཀུར་ས་དང་སྐྲག་ས་ཡོད་པ་དང་།སྲུང་བྱ་སྟངས་འཛིན། སྤྱོད་གཙང་སྲིད་སྐྱོང་། ཁྱིམ་ཚང་ནན་པོས་སྐྱོང་བ། རུལ་རྒོལ་འགྱུར་འགོག་གི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ཏེ་ལས་སྒྲུབ་བྱ་གཞག་གཏོད་པ་དང་གསར་འབྱེད་ཡར་བརྩོན་གྱི་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས“རྒྱུན་དུ་མཐོང་ཐུབ་པ་དང་འགག་རྩའི་དུས་སུ་མཆོང་ཐུབ་པའི”ཚད་ལོན་པའི་ཏང་ཡོན་ཞིག་བྱེད་དགོས།

    ཏང་ཁྲིམས་རྒྱལ་ཁྲིམས་ལག་བསྟར་ནན་པོ་བྱ་རྒྱུ་དེ་ནི་མི་གཙང་མ་ཞིག་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཡིན། “ཁྲིམས་སྲུང་ན་རྒྱལ་ཁབ་དར། ཁྲིམས་ལག་བསྟར་མ་བྱས་ན་རྒྱལ་ཁབ་ཕུང”རྒྱལ་ཁབ་གཅིག་ལ་གལ་ཏེ་ནན་པའི་སྒྲིག་ཁྲིམས་དང་ཁྲིམས་མེད་ན། སྤྱི་ཚོགས་ཟང་ཟིང་ནང་ཚུད་རྒྱུ་ལོས་ཡིན། གལ་ཏེ་སྲིད་ཏང་ཞིག་ལ་སྒྲིག་ཁྲིམས་དང་སྒྲིག་ལམ་མེད་ན། སྲིད་གཙང་ཐད་གནད་དོན་ཐོན་ངེས་ཡིན། བཅའ་ཁྲིམས་སྒྲིག་ལམ་གྱི་འདུ་ཤེས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། སེམས་ནང་བཅའ་ཁྲིམས་ཀྱི་མེ་ལོང་ཡོད་པ། ལག་ཏུ་བཅའ་ཁྲིམས་ཀྱི་སྲུང་བྱ་སྟངས་འཛིན། གཏམ་ལ་འཛེམས་བྱ་དང་བྱ་སྤྱོད་ཐད་ཚོད་ཟིན་པ། རྟག་ཏུ་རང་ཉིད་གཅུན་འདོམས། བཅའ་ཁྲིམས་ཀྱི་གློག་ཆེན་ལ་མི་རེག་པ། སྒྲིག་ཁྲིམས་ཀྱི་དམར་ཐིག་ལས་མི་འགལ་བ། སྤྱོད་གཙང་གི་མཐའ་ཚད་སྲུང་བ་བཅས་བྱས་ཚེ། གཞི་ནས་མདུན་ལམ་ལྡན་ལ་བྱ་བ་སྒྲུབ་ཐུབ་པ་མ་ཟད། སྤྱོད་པ་ཚད་དང་མཐུན་པ་ཞིག་ཡོང་ཐུབ།

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དོན་སྐྱོང་བར་ངེས་པར་དུ་ནན་པའི་བྱ་ཐབས་ཡོད་དགོས། ཏང་ཁྲིམས་ཏང་སྲོལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལས་ནན་པ་ཡོད་དགོས། ཏང་ནང་གི་ཁྲིམས་སྲོལ་ནི་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་ཆེ་ཤོས་དེ་ཡིན། ཏང་ཡོན་ཞིག་གི་ངོས་ནས། སྣེ་འཁྲིད་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་སྲུང་བརྩི་ཞུ་དགོས་ལ། མིག་དཔེ་བཏོན་ནས་ཏང་ཁྲིམས་ཏང་སྲོལ་ལ་སྲུང་བརྩི་ཞུས་ཏེ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ནན་པོ་སྲུང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་ཁྲིམས་རྒྱལ་ཁྲིམས་ཀྱི་ཚད་གཞི་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་འདོམས་ཀྱི་ཚད་གཞི》 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སྤྱད་དེ་བསམ་བློ་དང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”བཅས་ལ་སྲུང་བརྩི་ནན་པོ་ཞུ་བ་དང་རང་འདོམས་ནན་པོ་བྱས་ནས་ཏང་གི་སྒྲིག་ཡིག་གོང་ན་བཀུར་བ་དང་ཏང་ཁྲིམས་ལ་སྲུང་བརྩི་ཞུ་བའི་གོམས་གཤིས་བཟང་པོ་འཇགས་པ་བྱས་ཚེ། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་ཐུབ་རྒྱུ་མ་ཟད། གོང་བུ་འགྲིལ་ནུས་དང་འཐབ་ནུས་ལྡན་པ་ཞིག་ཡོང་ཐུབ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་དེ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྨང་གཞི་དང་འགན་ལེན་ཡིན། ཏང་ཡོན་རྣམས་ཁྲིམས་ཤེས་མཁན་དང་ཁྲིམས་སྲུང་མཁན་ཞིག་ཏུ་འགྱུར་བ་བྱས་ཏེ་རྩ་ཁྲིམས་བཅའ་ཁྲིམས་གོང་ན་བཀུར་རྒྱུ་མཐའ་འཁྱོངས་དང་། རང་རྟོགས་ངང་རྩ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། སྣེ་ཁྲིད་ནས་ཁྲིམས་སྐྱོང་གི་འདུ་ཤེས་འཛུགས་པ་དང་བཅའ་ཁྲིམས་ཀྱི་དབང་ཆ་སྲུང་སྐྱོང་། བཅའ་ཁྲིམས་ནང་བྱ་བ་གང་ཞིག་སྒྲུབ་དགོས་པ་དང་བྱ་བ་གང་ཞིག་སྒྲུབ་མི་རུང་བའི་གཏན་འབེབས་གསལ་པོ་ཤེས་པ་བྱེད་པ། སེམས་ནང་བཅའ་ཁྲིམས་ཀྱི་མེ་ལོང་ཡོད་པ། ལག་ཏུ་བཅའ་ཁྲིམས་ཀྱི་སྲུང་བྱ་འཛིན་པ། བྱ་བ་དག་ཁྲིམས་ལ་བརྟེན་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་ལ་བསྟུན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། ཁྲིམས་ལ་བརྟེན་ནས་འགལ་ཟླ་སེལ་བ་བཅས་བྱས་ཏེ་རང་རྟོགས་ངང་རྩ་ཁྲིམས་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་བ་དང་ཁྲིམས་སྐྱོང་གི་ཐེབས་ཆི་དང་པོ་དེ་ཡག་པོ་རྒྱག་དགོས། ཁྲིམས་སྐྱོང་གི་བསམ་བློའི་ཐོག་ནས་སྤྱི་ཚོགས་ཀྱི་གནད་དོན་ལ་བསམ་བློ་གཏོང་ཤེས་པ་དང་། ཁྲིམས་སྐྱོང་གི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཁྲིམས་སྐྱོང་གི་བསམ་བློར་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཁྲིམས་བརྩི་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་སྣེ་ཁྲིད་བྱེད་མཁན་གྱི་མིག་དཔེ་ཞིག་བྱེད་དགོས།

    སྤྱོད་གཙང་རང་འདོམས་ནི་རྒྱ་ཆེའི་ཏང་ཡོན་གྱི་རང་ཚུགས་ཀྱི་རྩ་བ་དང་། བྱ་བ་ཐག་གཅོད་ཀྱི་ཐབས། སྲིད་སྐྱོང་གི་གཙོ་གནད་བཅས་ཡིན། སྤྱོད་གཙང་ཐད་མིག་དཔེ་འདོན་རྒྱུ་དེ་ནི་ཏང་དང་མི་དམངས་ཀྱིས་ཏང་ཡོན་ལས་བྱེད་པར་བཏོན་པའི་རྩ་བའི་བླང་བྱ་ཡིན། ལྗོངས་ཡོངས་ཀྱི་ཏང་ཡོན་ཚོས་བོད་འདི་ཉིད་མཐོ་གྲང་གསོ་རླུང་དཀོན་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ས་དང་པོར་གནས་པ་བཅས་གང་ཡིན་ཡང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་དམིགས་བསལ་གང་ཡང་མེད་པའི་བསམ་བློ་བརྟན་པོ་འཛུགས་པ་དང་སྤྱོད་གཙང་རང་འདོམས་ཀྱི་གཏན་འབེབས་ཁག་ལ་སྲུང་བརྩི་ནན་པོ་ཞུས་ནས་རང་གཅེས་དང་། རང་གཅུན། རང་ཟོན། རང་སྐུལ་བཅས་བྱས་ཏེ་བསམ་བློའི་ཐད་དམར་ཐིག་ཡོད་པ་དང་བྱ་སྤྱོད་ཐད་ཚོད་ཟིན་ཏེ་རང་རྟོགས་ངང་བསླུ་བྲིད་ཁག་འགོག་པ་དང་། དབང་ཆའི་འགག་སྒོ་དང་། དངུལ་གྱི་འགག་སྒོ མཛེས་མའི་འགག་སྒོ སྤུན་མཆེད་དང་གྲོགས་པོའི་འགག་སྒོ་བཅས་ཡག་པོ་སྲུང་བ་དང་དུས་རྟག་ཏུ་རང་ཉིད་ལ་དྲན་སྐུལ་བྱེད་པའི་བསམ་བློའི་གོ་རྟོགས་དང“སེམས་ནང་སྐྲག་ས་ཡོད་པ་དང་། གཏམ་ལ་སྲུང་བྱ་ཡོད་པ། བྱ་སྤྱོད་ལ་འཛེམས་བྱ་ཡོད་པ”བཅས་བྱས་ཏེ་གུང་ཁྲན་ཏང་མིའི་ཆབ་སྲིད་རང་གཤིས་དང་སྤྱོད་གཙང་གི་ཀུན་སྤྱོད་མངོན་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།