ཟླ་11ཚེས་4ཉིན་མ་དངུལ་སྒོར་ཁྲི་2900ལྷག་ཙམ་བཏང་བའི་ཀྲུང་གུང་སྨར་ཁམས་རྫོང་ཨུད་ཏང་གི་སློབ་གྲྭ(རྫོང་སྲིད་འཛིན་སློབ་གྲྭ)སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་། ཉིན་དེར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭ་དུས་ཐེངས་དང་པོ་རྫོང་ཨུད་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད།
ཉིན་དེའི་བགྲོ་གླེང་འཛིན་གྲྭ་དུས་ཐེངས་དང་པོའི་ཐོག་སྨར་ཁམས་རྫོང་ཨུད་རྩ་འཛུཌ་པུའི་ལས་དོན་པས་གསོ་སྦྱོང་ནང་ཞུགས་མཁན་སློབ་མ་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ནང་དོན་ཆ་ཚང་སྣེ་ཁྲིད་ནས་ཀློག་པ་དང་སློབ་སྦྱོང་བྱས་པ་མ་ཟད།“ཆབ་མདོའི་རིག་ལྡན་ཏང་འཛུགས་སྐྱོང་གི་མ་ལག་དོ་དམ་བེད་སྤྱོད”དང་། “ཆབ་མདོ་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་རིགས་དབྱེ་དང་རིམ་པ་གཏན་འཁེལ་གྱི་ཇུས་གཞི”“ཏང་ཡོན་འཕེལ་རྒྱས་གཏོང་བའི་རིམ་པ་ཆེན་པོ་5དང་གོ་རིམ་25”“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”ལམ་ལུགས་ཀྱི་བརྒྱུད་རིམ་དང་ཚད་ལྡན་གྱི་ཟིན་ཐོ་འགོད་སྟངས”སོགས་ཀྱི་སློབ་ཚན་མང་པོ་ཁྲིད་པ་རེད།