[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁས་སོ་ནམ་ལངས་པའི་ནམ་དུས་དམ་འཛིན་གྱིས་དཔྱིད་རྨོད་གྲ་སྒྲིག་བྱེད་པ།

    མིག་སྔར་རྫས་ལུད་ཏུན་245.05གཏོང་འདྲེན་དང་ས་བོན་སྤྱི་རྒྱ་ཁྲི་250གྲ་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    706942_yis_1581572696625_s.jpg

    ད་ཆ་ཐང་པོ་ཆེ་གྲོང་ཚོའི་པ་སངས་དང་དབྱངས་ཅན་འདྲ་བའི་ཐག་ཉེ་ས་དང་སྟབས་བདེ་ས་དང་རང་ས་རང་ཡུལ་ནས་འབྲལ་མི་དགོས་པར་ལས་ཞུགས་ཐུབ་པའི་མང་ཚོགས་61ཡོད་པར་མི་རེར་ཟླ་རེར་ཆ་སྙོམས་ཡོང་འབབ་སྒོར་4800ལྷག་ཙམ་ཡོད་ཅིང་། འདི་ནི་འཕྱོངས་རྒྱས་རྫོང་ཐང་པོ་ཆེ་གྲོང་ཚོའི་ཞང་རྟ་ཚོགས་ཆུང་གི་དབྱངས་ཅན(གཡོན)དང་པ་སངས(གཡས)ཀྱིས་དྲོད་ཁང་དུ་ལས་ཀ་ཧུར་ཐག་བྱས་ཏེ་སྔོ་ཚལ་སོས་པ་ལྷོ་ཁའི་ཐད་ཚོང་ཁང་དུ་འདྲེན་ཐུབ་པའི་འགན་ལེན་བྱེད་བཞིན་པ།

    ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཞིང་མུའུ་ཁྲི་50འདེབས་རྒྱུ་དང་། དཔྱིད་འདེབས་ས་བོན་སྤྱི་རྒྱ་ཁྲི་800གྲ་སྒྲིག་བྱེད་པ། འཆར་གཞིའི་ནང་གི་རྫས་ལུད་ཏུན་7650གྲ་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་དཔྱིད་རྨོད་དཔྱིད་འདེབས་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ས་ཞིང་མུའུ་ཁྲི་50འདེབས་འཛུགས་བྱ་རྒྱུ་དང་། ལྗང་མདོག་དང་། སྤུས་ཚད་མཐོ་བ། ཕན་འབྲས་ཆེ་བ་བཅས་ཀྱི་ཞིང་ཁ་མུའུ་ཁྲི་27གཏོད་རྒྱུ། ལུད་སྦྱོར་དཔེ་སྟོན་ཁུལ་གྱི་ས་ཞིང་མུའུ་ཁྲི་28ལ་ས་དཔྱད་ལུད་སྦྱོར་བྱ་རྒྱུ། སོན་བཟང་གསོ་སྤེལ་གྱི་ས་ཞིང་མུའུ་ཁྲི་1.92འཛུགས་སྐྲུན་བྱ་རྒྱུ། ས་ཞིང་མུའུ་ཁྲི་30.86ལ་སོན་བཟང་ཁྱབ་གདལ་གཏོང་རྒྱུ་བཅས་ཀྱི་འཆར་གཞི་ཡོད་པ་རེད། ཞིང་སྨན་ཏུན་ཁྲི་41.944ཉོ་སྒྲུབ་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་གཅིག་གྱུར་ཡོངས་བསྒྲགས་ངང་འོས་སྐུལ་འོས་དཔོད་བྱས་ནས་རྫོང(ཆུས)ལ་སྤྲོད་རྩིས་ཡོད་པ་རེད། ཟླ་2ཚེས་6ཉིན་བར་ལྷོ་ཁ་གྲོང་ཁྱེར་གྱིས་ས་བོན་སྤྱི་རྒྱ་ཁྲི་250གྲ་སྒྲིག་བྱས་པ་དེས་འཆར་གཞིའི་31%བཟུང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།