[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་གཅིག་གིས་ཟམ་པ་གཅིག་ལོ་38བསྲུངས་པ།

    སྒར་རྫོང་གི་བགྲེས་སོང་པད་མ་ཨོ་རྒྱན་གྱི་ཟམ་སྲུང་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    701770_yis_1579495544240_b.jpg

    འདི་ནི་བགྲེས་སོང་པད་མ་ཨོ་རྒྱན་གྱིས་རྒྱལ་དར་ལ་གུས་འདུད་ཞུ་བཞིན་ཡོད་པ། 

    རྩོམ་སྒྲིག་པའི་སྦྲགས་མཆན།

    དཔྱིད་གསར་དུས་ཆེན་འཆར་ཉེའི་སྐབས་སུ་གང་ས་གང་དུ་ལོ་གསར་གྱི་རྣམ་པས་ཁེངས། ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་2020ལོར་མི་རྣམས་ཀྱིས་ལས་དོན་ཁག་ལ་གཡུར་ཟའི་འབྲས་བུ་འདོགས་རྒྱུར་རེ་སྒུག་ཆེན་པོ་བྱེད་ལ། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་ཆེད་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་ངེས་རེད། གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་ཏུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འདི་ལོའི་རང་ལྗོངས་ཀྱི་ལས་དོན་ཁག་ལ་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་གཏན་འཁེལ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ཇི་ལྟར་དོན་འཁྱོལ་བྱེད་དགོས་སམ། ཞིང་འབྲོག་ཁུལ་དུ་རྣམ་པ་གསར་པ་གང་དག་ཡོད་དམ། ཞིང་འབྲོག་པར་གྲུབ་འབྲས་གསར་པ་གང་དག་ཡོད་དམ། འདི་ག་ཚགས་པར་ཐོག་དེ་རིང་ནས་བཟུང“དཔྱིད་གསར་དུས་སུ་གཞི་རིམ་དུ་སྐྱོད”ཅེས་པའི་པར་ངོས་འདོན་རྒྱུ་ཡིན་ཞིང་། གསར་འགོད་པ་སྒྲིག་འཛུགས་བྱས་ཏེ་ཞིང་ནང་དང་། མུ་ཁ། རྩྭ་ཐང་། འབྲོག་ར། བཟོ་གྲྭའི་འཁོར་ཁང་སོགས་སུ་སྐྱོད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་བསྐྱོད་དེ་སྨྱུ་གུ་དང་པར་ཆས་ལ་བརྟེན་ནས་དཔྱིད་དུས་ཀྱི་མཉམ་འཛོམས་དང་། རེ་སྒུག བརྟན་སྲུང་བཅས་ཀྱི་གཏམ་རྒྱུད་ལེགས་པར་འགོད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་བྱ་སྤྱོད་དངོས་གཅིག་སྡུད་ཐོག་མཚོན་པར་བྱ་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    “གུང་ཁྲན་ཏང་སླེབས་པས་ང་ཚོར་ཡར་ལངས་བཅིངས་འགྲོལ་ཐོབ་བྱུང”

    མི་གཅིག་གིས་ཟམ་པ་གཅིག་ལོ་38ཏག་ཏག་བསྲུངས་ཡོད།

    མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་གླང་དམར་གྲོང་ཚོར་1964ལོར་བསྐྲུན་པའི་གླང་དམར་ཟམ་པ་ཞེས་པ་ཞིག་ཡོད་ལ། ཟམ་སྲུང་བ་བགྲེས་སོང་པད་མ་ཨོ་རྒྱན་གྱི་མི་ཚེ་ཕྱེད་ཀ་ཟམ་པ་དེ་དང་འབྲེལ་བ་ཡོད།

    1953ལོར་པད་མ་ཨོ་རྒྱན་བཀྲ་ཤིས་སྒང་ཤང་གླང་དམར་གྲོང་ཚོའི་ཞིང་བྲན་གྱི་དུད་ཚང་ཞིག་ཏུ་སྐྱེས་པ་དང་། སྐབས་དེ་དུས་བོད་ལ་ཞི་བས་བཅིངས་འགྲོལ་བཏང་མ་ཐག་ཡིན་པས་མུན་ནག་དང་། རྗེས་ལུས། གདུག་རྩུབ་བཅས་ཀྱི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ད་དུང་མེད་པར་བཟོས་མེད་པས། རྒྱ་ཆེའི་ཞིང་བྲན་ཚོ་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་སྡུག་བསྔལ་ཁྲོད་འཚོ་བ་སྐྱེལ་བཞིན་ཡོད།

    མི་དམངས་བཅིངས་འགྲོལ་དམག་བོད་དུ་འབྱོར་རྗེས་མང་ཚོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་རྒྱ་ཆེའི་ཞིང་བྲན་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་ནས་བདག་པོར་གྱུར་ཡོད། 

    ཆུང་དུས་ནས་བཅིངས་འགྲོལ་དམག་མིའི་ཤུགས་རྐྱེན་ཐེབས་པར་བརྟེན་པད་མ་ཨོ་རྒྱན་གྱིས་ཆུང་དུས་ནས་དམག་དཔུང་ནང་ཞུགས་རྒྱུའི་དམ་བཅའ་བཞག་པ་དང་འབྲེལ་བཅིངས་འགྲོལ་དམག་མིའི་བཀའ་དྲིན་གསོལ་རྒྱུའི་སེམས་ཐག་བཅད། 1972ལོར་པད་མ་ཨོ་རྒྱན་ཤིན་ཅང་ཡེ་ཁྲེང་དུ་གསོ་སྦྱོང་ལ་བསྐྱོད་དེ་དམག་དཔུང་ནང་ཞུགས་རྒྱུའི་གྲ་སྒྲིག་བྱེད་སྐབས་གཟུགས་པོའི་གནས་ཚུལ་གྱིས་རྐྱེན་པས་ཚད་གཞི་ལོན་མེད། ཕྱིས་སུ་པད་མ་ཨོ་རྒྱན་ས་གནས་བཅིངས་འགྲོལ་དམག་གི་རླངས་འཁོར་རུ་ཁག་གི་ཉམས་བཟོ་བར་གྱུར་ཡོད། 

    “ཟམ་པ་བསྲུངས་བ་ནི་རང་ངོས་ནས་བརྗོད་ན་གཟི་བརྗིད་ཀྱི་བྱ་བ་ཞིག་ཡིན”

    བཀྲ་ཤིས་སྒང་ཤང་གི་ས་ཁམས་ཆགས་ཚུལ་དམིགས་བསལ་ཡིན་ཞིང་། གླང་དམར་ཟམ་ཆེན་ནི་མངའ་རིས་ས་ཁུལ་རྩ་མདའ་རྫོང་དང་། སྤུ་ཧྲེང་། སྒར་བཅས་རྫོང་གསུམ་ལ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ཟམ་པ་ཞིག་ཡིན་ཁར། མཐའ་མཚམས་དང་བར་ཐག་སྤྱི་ལེ་38ལས་མེད་པས་མཐའ་མཚམས་སུ་འགྲོ་འོང་བྱེད་པའི་འགག་སྒོ་གལ་ཆེན་ཞིག་རེད།

    1982ལོར་པད་མ་ཨོ་རྒྱན་བཀྲ་ཤིས་སྒང་ཤང་གླང་དམར་གྲོང་ཚོར་ལོག་ནས་ཡུལ་དམག་ཅིག་ཏུ་གྱུར་པ་དང་ཆབས་ཅིག པད་མ་ཨོ་རྒྱན་དང་ཡུལ་དམག་གཞན་གཉིས་གླང་མར་ཟམ་ཆེན་དུ་ཟམ་སྲུང་གི་ལས་དོན་སྒྲུབ་པར་མངགས།

    ལོ་གཅིག་གི་རྗེས་སུ་ཡུལ་དམག་གཞན་གཉིས་པོ་ཆ་རྐྱེན་དང་ཐོབ་ཐང་ཞན་པའི་རྐྱེན་གྱིས་དེ་ནས་ཁ་བྲལ་བས་པད་མ་ཨོ་རྒྱན་གཅིག་པུས་ཟམ་པ་སྲུང་དགོས་བྱུང་ཡོད།

    རྒྱལ་དར་སྒྲེང་བ་ནི་བགྲེས་སོང་གིས་ཟམ་པ་བསྲུངས་ནས་ལོ་ངོ་38སོང་རིང་ཉིན་ལྟར་སྒྲུབ་པའི་བྱ་བ་ཞིག་ཡིན་ཞིང་། ཉིན་ལྟར་ཞོགས་པར་རོལ་དབྱངས་མེད་ནའང་པད་མ་ཨོ་རྒྱན་གྱིས་རྒྱལ་གླུ་གཏོང་བཞིན་དུ་རྒྱལ་དར་བསྒྲེངས་ཤིང་། ས་སྲོས་སྐབས་སུ་རྒྱལ་དར་ཕབ་ཀྱི་ཡོད། 

    ཟམ་པ་སྲུང་བ་ནི་ཟམ་པར་གཏོར་སྐྱོན་མི་ཕོག་པ་ཙམ་མ་ཡིན་པར། ད་དུང་འགྲོ་འོང་བྱེད་མཁན་འཁོར་རིགས་དང་། དོགས་ཡོད་མི་སྣ། ལྐོག་འདྲེན་དངོས་ཟོག་བཅས་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་དགོས་ཀྱི་ཡོད། 1983ལོར་ཁོང་གིས་ཟམ་སྟེང་ནས་དོགས་ཡོད་མི་སྣ་གཉིས་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲད་ལ། 1993ལོར་ཁོང་གིས་སྤྱི་བདེ་ལས་ཁུངས་ལ་གཞོགས་འདེགས་བྱས་ནས་ལྐོག་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་འབྲེལ་གཟེངས་བསྟོད་དང་བྱ་དགའ་ཐོབ་པ་དང་། 2014ལོར་ཁོང་གིས་ལྐོག་སྒྲོལ་གྱི་དོགས་གཞི་ཡོད་པའི་མི་ཞིག་བཀག་འགོག་བྱས་ཡོད།

    “ལུས་པོས་ལྕོགས་ཚེ་མུ་མཐུད་ཟམ་པ་བསྲུང་རྒྱུ་ཡིན”

    ལོ་38རིང་གི་བརྟན་སྲུང་ལས་པད་མ་ཨོ་རྒྱན་གྱིས་ཁྱིམ་མི་དང་མཉམ་འཛོམས་ཀྱི་གོ་སྐབས་རྣམས་བློས་གཏོང་བྱས་ཡོད། ཁོང་གིས་རྒྱུན་དུ“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་གུང་ཁྲན་ཏང་གིས་གནང་བ་ཡིན་ལ། གུང་ཁྲན་ཏང་མེད་ན་ང་ད་དུང་ཞིང་བྲན་ཞིག་ཡིན་པས། ཏང་གི་བཀའ་དྲིན་ནི་ཕ་མ་དང་གཉིས་སུ་མ་མཆིས”ཞེས་བརྗོད།

    མི་རིང་བའི་གོང་པད་མ་ཨོ་རྒྱན་གྱི་གཏན་གྲོགས་ཚེ་ལས་འདས་པ་དང་། བགྲེས་སོང་གིས་བཟའ་ཟླའི་རྗེས་འཇུག་བསྒྲུབས་རྗེས་སླར་ཡང་རྡོ་ཁང་དུ་ཕྱིར་ལོག་ནས་མུ་མཐུད་ཟམ་སྲུང་གི་ལས་ལ་གཞོལ་འགོ་ཚུགས།

    ལང་ཚོའི་ངར་ཤུགས་མེད་ན་ཡང་། ཐོག་མའི་བསམ་འདུན་གཏན་ནས་བརྗེད་མྱོང་མེད། ལོ་38རིང་པད་མ་ཨོ་རྒྱན་གྱི་གནོང་འགྱོད་མེད་པའི་བརྟན་སྲུང་དང་བློས་གཏོང་ལས་མང་ཚོགས་དཀྱུས་མ་ཞིག་གིས་ཏང་དང་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་ཚད་མེད་ལེགས་པར་མཚོན་ལ། ཁོང་གིས“གཟུགས་པོས་ལྕོགས་ཚེ་མུ་མཐུད་ཟམ་པ་སྲུང་གི་ཡིན། གལ་སྲིད་མི་གཞན་ཞིག་ངའི་ཚབ་ཏུ་ཟམ་པ་སྲུང་བར་ཡོང་ན་ངས་རང་ཉིད་ཀྱི་ལས་ཀའི་ཉམས་མྱོང་ཁོང་ཚོར་བརྒྱུད་སྤྲོད་བྱེད་ཀྱི་ཡིན”ཞེས་གསར་འགོད་པར་བརྗོད་བྱུང་། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།