[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་རྩེ་རྫོང་དུ་བཅའ་སྡོད་དཔུང་སྡེ་ཞིག་གིས་སྨན་རྫས་སྤྲོད་པ་དང་བདེ་ཐང་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

     ཉེ་ཆར། རྒྱལ་རྩེ་རྫོང་དུ་བཅའ་སྡོད་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་ར་སོག་ཤང་གནས་གསར་གྲོང་ཚོར་བསྐྱོད་ནས་སྨན་རྫས་སྤྲོད་པ་དང་བདེ་ཐང་བརྟག་དཔྱད་བྱེད་པའི་བྱེད་སྒོ་སྤེལ་ཏེ། གནས་གསར་གྲོང་ཚོའི་མང་ཚོཌ་ལ་སྨན་རིན་མ་དགོས་པར་ནད་གཞི་བལྟས་པ་དང་འབྲེལ་སྨན་རྫས་སྤྲད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་ལག་ལེན་བསྟར་བ་རེད།

    དཔུང་སྡེའི་སྨན་དོན་མི་སྣས་གནས་གསར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་སྐོར་སྐྱོད་སྨན་བཅོས་ལས་སྟེགས་བཙུགས་ཏེ་ནད་གཞི་ལྟ་འདོད་ཆེ་བའི་མང་ཚོགས་ལ་བརྟག་དཔྱད་ཞིབ་ཚཌ་བྱས་པ་རེད། 

    ད་རེས་ཀྱི་བྱེད་སྒོར་ནད་པ་100ལྷག་ཙམ་ལ་སྨན་རིན་མ་དགོས་པའི་སྨན་བཅོས་ཞབས་ཞུ་བསྒྲུབས་པ་དང་སྒོར་5000རི་བའི་རྒྱུན་མཁོའི་སྨན་རྫས་སྤྲད་ཡོད། ད་རེས་ཀྱི་ཞབས་ཞུའི་བྱེད་སྒོ་བརྒྱུད། གྲོང་མི་དང་དཔུང་སྡེའི་དཔོན་དམག་དབར་གྱི་བརྩེ་བ་དང་འབྲེལ་བ་ཟབ་ཏུ་ཕྱིན་ཏེ་གནས་གསར་གྲོང་ཚོའི་མང་ཚོགས་ཚོས་དམག་དམངས་དབར་གྱི་བརྩེ་བ་ཟབ་མོ་ཚོར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།