[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བརྩེ་བ་ཟབ་མོས་དམངས་ལ་ཞབས་འདེགས་ཞུས།

    —— ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    “ད་ཆ་གྲོང་རྡལ་སྲིད་གཞུང་ནས་ངོ་སྤྲོད་ལེན་པར་སྟབས་བདེ་པོ་འདུག གཞུང་ལས་ཁང་མང་པོ་ཞིག་ཏུ་སྐད་ཆ་འདྲི་བར་འགྲོ་མི་དགོས་པར་ཞབས་ཞུ་ལྟེ་གནས་ནས་ལམ་སེང་རག་གི་འདུག་ལ། ངལ་གསོའི་རིང་ལས་ཀ་བྱེད་མཁན་མེད་པའི་སེམས་ཁྲལ་ཡང་མི་འདུག”ཅེས་ཀོང་པོ་རྒྱ་མདའ་གྲོང་རྡལ་རྟ་པ་ས་གྲོང་ཚོའི་སློབ་མ་ཆོས་སྒྲོན་གྱིས་ལག་ཏུ་རག་མ་ཐག་པའི“ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་སློབ་མའི”སློབ་གསོའི་ཁ་གསབ་རོགས་དངུལ་ཁྱེར་ནས་གདོང་ནས་འཛུམ་མདངས་འཕྱུར་གྱིན་སེམས་འགུལ་ཆེན་པོས་བཤད།

    འདི་ལོའི་ལོ་སྨད་དུ་དམངས་ཕན་ཞབས་ཞུ་ལྟེ་གནས་བསྐྲུན་པ་གོ་སྐབས་སུ་བྱས་ཏེ། ཀོང་པོ་རྒྱ་མདའ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གཞུང་ལས་སྒྲུབ་ཡུལ་བསྡུ་སྒྲིལ་ལུགས་མཐུན་དང་། ཕྱོཌ་ཡོངས་ནས་སྒྱུར་བཀོད་ཉམས་བཟོ། ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་དམངས་ཕན་ཞབས་ཞུ་ལྟེ་གནས་སྐྲུན་པ་བཅས་ཀྱིས“གཞི་གཅིག་ཅན་གྱི”གཅིག་སྡུད་གཞུང་ལས་བྱེད་ནུས་དེ་བས་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད།

    ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དགོས་མཁོ་དང་དོ་ཁུར་བྱ་ཡུལ་ཤེས་རྟོགས་བྱས་ནས་མང་ཚོགས་ལ་རྙོག་དྲ་མང་པོ་མི་འཕྲད་པའི་ཆེད། ཀོང་པོ་རྒྱ་མདའ་གྲོང་རྡལ་ཏང་ཨུད་ཀྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཆེད་མངགས་དམངས་ཕན་ཞབས་ཞུའི་གཱ་ཞིག་བཟོས་པ་མ་ཟད། གཱ་ཡི་ངོས་སུ་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་ལས་སྒོ་ཁག་སྒྲུབ་མཁན་གྱི་ཁ་པར་ཨང་གྲངས་ཀྱང་ཁ་གསལ་བཀོད་ཡོད། “གཱ་འདི་གོ་ཆོད་པོ་འདུག གནད་དོན་གང་ཕྲད་ན་སུ་ལ་འབྲེལ་བ་བྱེད་དགོས་མིན་གཱ་འདིར་བལྟས་ན་འཕྲལ་དུ་ཤེས་པས། ཕར་རྒྱུག་ཚུར་རྒྱུག་བྱེད་དགོས་མི་འདུག”ཅེས་གྲོང་རྡལ་གྱི་མང་ཚོགས་ཤིག་གིས་གསར་འགོད་པར་བཤད་བྱུང་།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཀོང་པོ་རྒྱ་མདའ་གྲོང་རྡལ་གྱི་དམངས་ཕན་ཞབས་ཞུ་ལྟེ་གནས་སྤྱོད་འགོ་ཚུགས་ནས་དུས་ཡུན་ཟླ་བ་གཉིས་རིང་། མང་ཚོགས་ལ་ལས་སྒོ་ཁག་570ལྷག་ཙམ་བསྒྲུབས་པ་དང་མི་ཐེངས་420ལྷག་ཙམ་གྱི་བློ་འདྲི་དང་ལེན་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།