[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤོ་བོ་རྫོང་གིས།

    དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    རྒྱལ་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་སྤེལ་འགོ་ཚུགས་ཚུན། སྤོ་བོ་རྫོང་གིས“ལྟ་བ་གཅིག་དང་མ་ལག་ལྔའི”འཛུགས་སྐྲུན་ཚད་གཞི་ནན་པོར་གཞིགས་ཏེ། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།

    སྤོ་བོ་རྫོང་གི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་1498བཏང་ནས་རྫོང་རིམ་པའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་དང་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་རྫོང་ཤང(གྲོང་རྡལ)གྲོང་ཚོ་བཅས་རིམ་གསུམ་ཞབས་ཞུའི་མ་ལག་དང་། ཟོག་འགྲེམས་མ་ལག མཁོ་སྤྲོད་འཁོར་འབྲེལ་མ་ལག ཚོང་གཉེར་མ་ལག གསོ་སྦྱོང་མ་ལག་བཅས་བཙུགས་ཡོད། མིག་སྔའི་བར། མ་དངུལ་སྒོར་ཁྲི་704བཏང་བ་དེས་སྤྱིའི་མ་འཇོག་གི་47%བཟུང་ཡོད། སྔོན་དཔག་བྱས་ན་2020ལོའི་ཟླ་3པར་ལས་མཇུག་སྒྲིལ་རྒྱུ་རེད། དྲ་ཐོག་ཚོང་དོན་གྱི་ཤེས་བྱ་ཁྱབ་གདལ་གཏོང་ཆེད་སྤོ་བོ་རྫོང་གིས་མ་དངུལ་སྒོར་ཁྲི་25.64བཏང་ནས་ལྗོངས་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྲོང་གསེབ་ལ་ཁྱབ་གདལ་གཏོང་བའི་འགུལ་བརྙན་རྣམ་པའི་སློབ་ཁྲིད་བརྙན་ལམ་དང་པོ་དེ་སྟོན་པ་དང་གོ་བདེ་ཞིང་ཤེས་སླ་བའི་ཐབས་ལ་བརྟེན་ནས་མང་ཚོགས་ལ་དྲ་ཐོག་ཚོང་དོན་གྲོང་གསེབ་ལ་ཁྱབ་གདལ་གཏོང་བའི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།