[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཨ་མདོ་རྫོང་གིས།

    བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ཨུད་གཞུང་དོན་ཁང་ཏང་ཀྲི་པུའུ་ཡིས་སྔོན་ལ་བྱ་སྤྱོད་སྤེལ་བ་དང་བྱ་ཐབས་སྣ་མང་མཉམ་དུ་སྤྱད་དེ་བརྗོད་དོན་གཙོ་བོའི་སློབ་གསོ་དོན་འཁྱོལ་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་བྱས་ནས་མདུན་དུ་སྐྱོད་པ་དང་། མིག་དཔེ་འདོན་པ། ཚད་ཤིང་འཛུགས་པ་བཅས་ཀྱི་དཔེ་སྟོན་ལས་ཁུངས་ཀྱི་ནུས་པ་ཡག་པོ་འདོན་པའི་བརྩོན་ལེན་བྱས་ཡོད།

    ཨ་མདོ་རྫོང་ཨུད་གཞུང་དོན་ཁང་གི་ཏང་ཀྲི་པུའུ་ཡིས“སྤྱོད་གཙང་རང་འདོམས་ཀྱི་ཀུན་སྤྱོད་མཐའ་འཁྱོངས”ལ་དམིགས་ཏེ་དམར་ཐིག་དང་མཐའ་ཚད་བརྟན་པོ་སྲུང་བ་དང་། ཉེ་འགྲམ་གྱི་སྔོན་ཐོན་དང་དཔེ་མཚོན་མིག་དཔེར་བཟུང་བ་དང་། ཉེ་འགྲམ་གྱི་ལྡོག་ཕྱོགས་སློབ་གཞི་ཉེན་བརྡར་བརྩིས་ཏེ་དོན་དག་ལ་བརྟེན་ནས་གནས་ལུགས་གསལ་རྟོགས་དང་གྱོད་གཞི་མེ་ལོང་དུ་འཛིན་ཏེ་ཏང་ཡོན་ལས་བྱེད་པར་ཏང་གི་ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་ཁྲིམས་བརྩི་སྲུང་ནན་པོ་ཞུ་རྒྱུའི་ཁྲིད་སྟོན་གྱིས“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཨ་མདོ་རྫོང་ཨུད་ཀྱི“སྲ་བརྟན་གྱི་མདུན་ཕྱོགས་སོ་པ”དང“སྲ་བརྟན་གྱི་རྒྱབ་ཕྱོགས་སྒོ་རའི”ཆབ་སྲིད་ལས་ཁུངས་ཧུར་ཐག་བཏོད་ཡོད།

    དམ་པ་དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་སྟེ། རང་རྟོགས་ངང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་ནས་མི་ཧྲེང་རྒན་རྒོན་ལ་སེམས་ཁུར་དང་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། མང་ཚོགས་དབུལ་པོ་དང“321”ཆ་སྒྲིག་གཉེན་འཚོལ་བྱས་པ། ཁོར་ཡུག་གཙང་སྦྲའི་བཅོས་སྒྲིག་ཆེ་མོའི་བྱེད་སྒོར་ཧུར་ཐག་ཞུགས་པ། དང་བླངས་ཞབས་ཞུའི་ཁྲོད་དུ“ལྷག་བསམ་ཟོལ་མེད་ངང་མང་ཚོགས་ལ་ཞབས་འདེགས་ཞུ་བའི”འདུ་ཤེས་ལག་ལེན་བསྟར་ཏེ། འགན་འཁྲི་ཁུར་ཐུབ་པ་དང་བྱས་རྗེས་འཇོག་ཐུབ་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་འཇགས་པ་བྱས་ཡོད།

    ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྔོན་ཐོན་མིག་དཔེར་འཛིན་པ་དང་རང་ངོས་ལ་གནོན་ཤུགས་སྤྲོད་པ་བཅས་བྱས་ཏེ། ཨ་མདོ་རྫོང་ཨུད་གཞུང་ལས་ཁང་གི་ཏང་ཀྲི་པུའུ་ཡིས་ཀྲི་པུའི་ནང་ཁུལ་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཤེས་བྱའི་ཚོད་རྒྱུགས་དང་། རྙིང་པས་གསར་པར“བརྒྱུད་རོགས་འཁྲིད་གསུམ”གྱི་བྱེད་སྒོ་སྤེལ་ཏེ། ཐབས་འདོན་ཞབས་ཞུ་དང་། སྤྱི་འདོམས་མཐུན་སྦྱོར། ལྟ་སྐུལ་དོན་འཁྱོལ་སོགས་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།