[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཀུ་ཤུའི་འབུམ་རམས་པས”བོད་ཀྱི་མི་སེར་ལ་ཕྱུག་འགྱུར་ལམ་བཟང་བཏོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ལོ་46ལ་སླེབས་པའི་ཤེ་ཧུང་ཅང་ནི་སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ལྡུམ་རའི་སྒྱུ་རྩལ་སུའོ་ཡི་ཞིབ་འཇུག་པ་ཞིག་རེད། ཁོང་ལ་འབུམ་རམས་པའི་སློབ་རྒྱུས་ལྡན་པ་དང་ས་མཐོའི་ཀུ་ཤུ་འདེབས་གསོའི་ཐད་ཞིབ་འཇུག་བྱས་ནས་ལོ་12སོང་ཡོད། བོད་ལྗོངས་དང་སི་ཁྲོན་ཞིང་ཆེན་དབར་ཞིང་འབྲོག་ཚན་རྩལ་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་རྗེས་ཀྱི་ལོ་3སོང་རིང་དགེ་རྒན་ཆེ་མོ་བ་ཤེ་ཧུང་ཅང་གིས་འབུམ་རམས་པའི་ཚོགས་པའི་སྣེ་ཁྲིད་དེ་སི་ཁྲོན་དང་བོད་དབར་ཐེངས་40ལྷག་ཙམ་བསྐྱོད་ཡོད། ད་ཆ་ཀུ་ཤུ་མུའུ་1000ཙམ་བཏབ་པའི་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཀུ་ཤུའི་དཔེ་སྟོན་ལྡུམ་ར་ཞིག་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་བཙུགས་ཡོད།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གི་ཀུ་ཤུའི་འདེབས་ཁྱོན་མུའུ་ཁྲི་2.3ཟིན་ཡང་80%ཡན་ལ་འདེབས་གསོ་དོ་དམ་བྱེད་སྟངས་རགས་ལས་ཅན་ཡིན་པ་དང་། ལག་རྩལ་འདུས་ཚད་དམའ་བ། སྡོང་པོ་རྒས་པ་བཅས་ཀྱི་གནད་དོན་ལྷག་ཡོད། ཤེ་ཧུང་ཅང་གི་ཚོགས་པ་དེ་གར་སླེབས་རྗེས་ས་གནས་དེ་གའི་ཀུ་ཤུའི་འདེབས་འཛུགས་ཀྱི་ལས་ཆོད་དམའ་བ་དང་། ཐོན་འབབ་དམའ་བ། སྤུས་ཀ་ཞན་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ་ཞིབ་ལས་འདེབས་གསོ་དང་། སྡོང་པོའི་ཡལ་འདབ་ཚོད་འཛིན་བྱེད་པ། སྡོང་པོའི་ཟད་གྲོན་ཉུང་དུ་གཏོང་བ་བཅས་ཀྱི་ཆེད་མངགས་ཐག་གཅོད་བྱ་ཐབས་བཏོན་པས། ད་ཆ་ཀུ་ཤུའི་འབྲས་བུ་སྨིན་སྔ་བ་དང་། ཐོན་འབབ་མང་བ། སྤུས་ཀ་ལེགས་པོ་ཡོད། ཤེ་ཧུང་ཅང་ཚོགས་པའི་དམར་ཁྲིད་འོག་ས་གནས་དེ་གའི་མང་ཚོགས་ཀྱིས་ཀུ་ཤུ་འདེབས་འཛུགས་ཀྱི་ལག་རྩལ་མང་པོ་ཁོང་དུ་ཆུད་ཡོད།

    675420_yis_1572498977304_s.jpg

    འདི་ནི་དགེ་རྒན་ཆེ་མོ་བ་ཤེ་ཧུང་ཅང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བ་གྲོང་ཚོའི་ཕྲུ་གུར་ཀུ་ཤུ་སྟེར་བཞིན་པ།

    675421_yis_1572498977835_s.jpg

    འདི་ནི་དགེ་རྒན་ཆེ་མོ་བ་ཤེ་ཧུང་ཅང(གཡོན་གྱི་དང་པོ)གིས་བོད་ལྗོངས་སྨན་གླིང་རྫོང་ཆབ་ནག་ཤང་གླིང་བ་གྲོང་ཚོའི་གྲོང་མིར་ཀུ་ཤུ་འདེབས་འཛུགས་ཀྱི་ལག་རྩལ་སློབ་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།