[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་ཚིགས་དང་པོ་ནས་གསུམ་པ་བར་རང་ལྗོངས་ཀྱི་འཐུང་ཆུ་ཕྱིར་གཏོང་བྱེད་ཚད་འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-20

    དུས་ཚིགས་དང་པོ་ནས་གསུམ་པ་བར་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རང་ལྗོངས་ཀྱིས་ཕྱིར་གཏོང་བྱས་པའི་ཨ་སྒོར་ཁྲི་131རི་བའི་འཐུང་ཆུ་ཁག་154ལ་ལྟ་འདོམས་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་73.03%དང་62.92%སོ་སོར་འཕར་ཞིང་། གཙོ་བོ་ཐེ་ལན་དང་། སིང་ཀ་ཕོར། ཀྲུང་གོའི་ཤང་ཀང་། ཀྲུང་གོའི་ཨའོ་མོན། ཀྲུང་གོའི་ཐའེ་དབན་སོགས་རྒྱལ་ཁབ་དང་ས་ཁུལ་ལ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་། ཕྱིར་གཏོང་གི་སྤུས་ཚད་ལེགས་པས་འཕྲོད་བསྟེན་གྱི་གནད་དོན་གཅིག་ཀྱང་ཐོན་མྱོང་མེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཚུན་དུ་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཐབས་མང་མཉམ་སྤྱོད་བྱས་ཏེ། རང་ལྗོངས་ཀྱི་ཕྱིར་གཏོང་བཟའ་བཅའ་དང་བཏུང་བྱ་འཕེལ་རྒྱས་མྱུར་པོ་འགྲོ་བར་རམ་འདེགས་ཧུར་ཐག་བྱས་ཤིང་། ཕྱིར་གཏོང་བཟའ་བཅའི་ཐོན་སྐྱེད་ཁེ་ལས་ལ་ISO14001གི་ཁོར་ཡུག་དོ་དམ་མ་ལག་དང་HACCPམ་ལག་གི་བདེན་དཔང་བདེ་བླག་ངང་རག་རྒྱུར་རོགས་རམ་བྱས་པའི་རྨང་གཞིའི་ཐོག འབྱུང་རྩ་ནས་དོ་དམ་བྱ་རྒྱུར་དམ་འཛིན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་བརྒྱུད་རིམ་དང་། བླུགས་སྣོད་དུག་སེལ། སྤུས་ཚད་ལ་ཚོད་འཛིན། ཚོད་ལྟ་ཁང་ལ་ཞིབ་དཔྱད་ཚད་ལེན་བྱེད་པ་སོགས་ཀྱི་ལྷུ་ཚིགས་ལ་མཛུབ་ཁྲིད་བྱས་ཏེ། མ་བཅོས་རྒྱུ་ཆ་བཟོ་གྲྭར་དབོར་བ་ནས་ཐོན་རྫས་བཟོ་གྲྭ་ནས་འདོན་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་འདོམས་ཚོད་འཛིན་བྱས་པ་དང་། རྒྱང་ཁྲིད་གློག་རྡུལ་གྱི་དུས་བཀག་གི་ལྡིར་སོ་སྤྲོས་ཆས་མ་ལག་བརྒྱུད་ཕྱིར་གཏོང་བྱ་རྒྱུའི་ཐོན་རྫས་ཁག་ཐེངས་ཚང་མའི་སྤུས་ཚད་འགན་ལེན་བྱས་ཏེ་སྣ་ཁ་གཅིག་པའི་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད།

    ལྷ་ས་འགག་སྒོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ལྷ་སའི་འགག་སྒོའི་ལག་རྩལ་ལྟེ་གནས་ཀྱིས་ད་དུང་ཁེ་ལས་དང་ཞིབ་དཔྱད་ཚད་ལེན་གྱི་གྲོས་མཐུན་བཞག་སྟེ། ཁེ་ལས་ལ་ཚོད་ལྟ་ཁང་གི་ཞིབ་དཔྱད་ནུས་པ་དང་རང་ཉིད་ཀྱི་ཚོད་འཛིན་ནུས་པ་ཆེ་རུ་གཏོང་རྒྱུའི་མཛུབ་ཁྲིད་ཧུར་ཐག་བྱས་ཏེ། ཕྱིར་གཏོང་བྱ་རྒྱུའི་ཐོན་རྫས་ཚང་མར་ཞིབ་དཔྱད་ཚད་ལེན་ནན་ཤོས་རེ་བྱས་ནས་ཕྱིར་གཏོང་ཐོན་རྫས་ཀྱི་སྤུས་ཚད་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།