[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞོ་སྟོན་རིང་ཚོང་ཟོག་སྤུས་དག་གྲགས་ཅན་བྲིན་པོ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-06

     “འཛམ་གླིང་ཡང་རྩེར་བསྐྱོད་ནས། ཞོ་སྟོན་དགའ་བས་གཏོང་ངོ་” ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2019ལོའི་ལྷ་སའི་ཞོ་སྟོན་རིང་གི་ས་གཙང་ཐོན་ཟོག་ཚོང་འདུས་དང་2019ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་གྱི་ཚོང་ཟོག་སྤུས་དག་གྲགས་ཅན་གྱི་ཚོང་འདུས་ཟླ་8ཚེས་30ནས་ཟླ་9ཚེས་5་བར་གྱི་ཉིན་7འཚོག་རིང་ཚོང་འདུས་སུ་མི་ཚོགས་མང་ལ་ཚོང་ཟོག་བྲིན་པོ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། ད་རེས་ཀྱི་ཚོང་འདུས་ཐད་ས་གཙང་ཐོན་ཟོག་འགྲེམས་ཁུལ་དང་། ཞིམ་ཟས་འགྲེམས་ཁུལ། མོ་ཊ་འགྲེམས་ཁུལ། ཁང་ཁྱིམ་འཛིན་ཆས་འགྲེམས་ཁུལ། ཚོང་ཟོག་སྤུས་དག་གྲགས་ཅན་འགྲེམས་ཁུལ། གཉིས་གཏོད་གྲུབ་འབྲས་འགྲེམས་ཁུལ་བཅས་འགྲེམས་ཁུལ་དྲུག་ཡོད་ཅིང་། ལྗོངས་ནང་ཁུལ་གྱི་གྲོང་ཁྱེར་དང་ས་ཁུལ་མ་ཟད་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་10ཡི་འགྲེམས་ཚོང་པ་དང་དེ་བཞིན་ནེ་པ་ལའི་འགྲེམས་ཚོང་པ་སོགས་འགྲེམས་ཞུགས་བཟོ་གྲྭ་300ཙམ་ཡོད་པ་དང་། འགྲེམས་ཞུགས་ཚོང་ཟོག་གི་ཁྱབ་ཁོངས་ཀྱང་རིག་གནས་གསར་གཏོད་ཐོན་ཟོག་དང་། ཡུལ་ཟོག ཆང་རག་བཏུང་བྱ་སོགས་སྣ་ཁ་སྟོང་ལྷག་ཙམ་ཡོད་པ་རེད།

    གསར་འགོད་པས་ས་གནས་ས་ཐོག་ཏུ་མཐོང་གསལ་ལྟར་ན། ལོ་སྔོན་མ་དག་གི་ཞོ་སྟོན་དང་བསྡུར་ན། ད་ལོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་དྲན་གསོ་ཞུ་བའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ཡང་བཀོད་སྒྲིག་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།