[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས“གྲོང་མི་ཆུ་དཔོན”55བསྡུ་རྒྱུའི་འཆར་གཞི་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

     ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། མང་ཚོགས་སྐུལ་སློང་བྱས་ནས“སྐྱིད་ཆུའི”ལྟ་སྐུལ་བ་དང་རྒྱབ་སྐྱོར་བ་བྱ་རྒྱུར་བརྩོན་ལེན་དང་ཆུ་མཚེའུ་དོ་དམ་སྲུང་སྐྱོང་ནང་ཞུགས་ཤིང་ལྟ་སྐུལ་བྱེད་པའི་སྣང་ཚུལ་བཟང་པོ་བཏོད་ནས། ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་དཔེ་དབྱིབས་ནུས་ལྡན་དང་དོ་དམ་བྱེད་སྟངས་འཚོལ་ཞིབ་དང་སྐུལ་འདེད་ཧུར་ཐག་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་སུ“གྲོང་མིའི་ཆུ་དཔོན་ལམ་ལུགས་དང་མ་ཡུམ་སྐྱིད་ཆུར་སྲུང་སྐྱོང་བྱེད་པའི”དོ་དམ་བྱ་ཐབས་བཏོན་ཏེ“གྲོང་མིའི་ཆུ་དཔོན”55བསྡུས་ནས། སྐྱིད་ཆུ་དང་དེ་བཞིན་རྒྱུག་ཆུ་གཙོ་བོར་སྲུང་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་ལས་དོན་རྒྱ་ཁྱབ་ངང་སྤེལ་རྒྱུ་རེད།

    “གྲོང་མིའི་ཆུ་དཔོན”གྱི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོ་ནི་ལྗང་མདོག་སྣོད་བཅུད་འདུ་ཤེས་ཁྱབ་གདལ་གཏོང་རྒྱུར་དམིགས་ཏེ“དྲིལ་བསྒྲགས་པ”ཡག་པོ་ཞིག་བྱེད་པ་དང་། གཙང་སྐོར་མཚེའུ་གཅེས་ཀྱི་བྱེད་སྒོ་སྤེལ་ནས“སྐོར་ཞིབ་པ”ཡག་པོ་ཞིག་བྱེད་པ། སྐྱིད་ཆུའི་ངོགས་སུ་སྔོ་འགྱུར་བྱ་སྤྱོད་སྤེལ་ནས“དཔེ་སྟོན་པ”ཡག་པོ་ཞིག་བྱེད་པ། ཁྲིམས་འགལ་ལ་ལྟ་སྐུལ་དང་ཐེར་འདོན་བྱས་ནས“ལྟ་སྐུལ་བ”ཡག་པོ་ཞིག་བྱེད་པ། “སྐྱིད་ཆུར”སྲུང་སྐྱོང་གི་ཐབས་འདོན་ཇུས་འགོད་བྱས་ནས“ཇུས་འདོན་པ”ཡག་པོ་ཞིག་བྱེད་པ་བཅས་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།