[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀོང་པོ་རྒྱ་མདའ་རྫོང་གིས་དབང་སྐྱོན་ལག་ཁྱེར་གཉེར་བདེ་རུ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    དབང་སྐྱོན་མང་ཚོཌ་དང་འབྲེལ་བ་དེ་བས་དམ་ཟབ་བྱེད་པ་དང་། ལས་ཀའི་སྤྱོད་ཚུལ་ལེཌ་སུ་གཏོང་བ། དབང་སྐྱོན་ལག་ཁྱེར་གཉེར་བའི་ལས་རིམ་སྟབས་བདེར་གཏོང་བ་བཅས་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་དབང་པོ་སྐྱོན་ཅན་ལས་འཛིན་ལྷན་ཚོཌ་དང་མཉམ་དུ་ཞབས་ཞུ་དང་། དྲིལ་བསྒྲཌ། གནད་འགག་བཅས་ལ་དམ་འཛིན་བྱ་རྒྱུ་དམིཌ་སར་འབྱོར་བ་བྱས་ནས་ནུས་ཤུཌ་ཡོད་རྒུས་དབང་སྐྱོན་ལག་ཁྱེར་གཉེར་བའི་ལས་དོན་ཡག་པོ་བསྒྲུབས་པ་རེད།

    ཀོང་པོ་རྒྱ་མདའ་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ལྟེ་གནས་ཀྱི་ཐོག་སོ་དང་པོའི་ཚོམས་ཆེན་དུ་བློ་འདྲིའི་སྐར་ཁུང་འཛུགས་པ་དང་། མངོན་གསལ་དོད་སར་ཐོན་གཉིས་པའི་དབང་སྐྱོན་ལག་ཁྱེར་གཉེར་བའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལས་རིམ་འགོད་པ། སྐར་ཁུང་ལས་དོན་པའི་ཞབས་ཞུའི་རྣམ་འགྱུར་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་སེམས་རྩ་འཁོལ་བའི་ཞབས་འདེགས་ཞུས་པ་རེད། དབང་སྐྱོན་ལག་ཁྱེར་གཉེར་བའི་ཆ་རྐྱེན་དང་། རེ་ཞུའི་དཔྱད་ཡིག ལག་ཁྱེར་གཉེར་བའི་བརྒྱུད་རིམ་སོགས་ཀྱི་དོན་ཚན་སྤྱི་ཚོཌ་ལ་ཡོངས་བསྒྲཌ་ངང་དྲིལ་བསྒྲཌ་བྱས་ནས་དབང་པོ་སྐྱོན་ཅན་མང་ཚོཌ་ཀྱིས་ལག་ཁྱེར་གཉེར་བའི་བརྒྱུད་རིམ་དང་མཁོ་བའི་དཔྱད་ཡིག་གསལ་པོ་རྟོཌ་པ་བྱས་ཏེ་དབང་སྐྱོན་ལ་སྟབས་བདེ་གང་མང་བསྐྲུན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།