[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གཙོ་བོ་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-19

    ཚེས་15ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཀྱིས་རང་སྐྱོང་ལྗོངས་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། 2018ལོའི་ལོ་འཁོར་གྱི་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་ལས་དོན་གྱི་དཔྱད་ཞིབ་དང་སྐོར་ཞིབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་འབྲེལ། མིག་སྔའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གཙོ་བོ་བཀོད་སྒྲིག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་གནས་པའི་ཞན་ཆའི་ལྷུ་ཚིགས་ལ་ལྟ་བཤེར་འཚོལ་ཞིབ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་བརྡ་ཁྱབ་བླང་བྱ་དང་སྡུར་བ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་མ་ཐོན་སྔོན་འགོག་དང་། ཕྱོགས་བསྡུས་བཅོས་སྐྱོང་། རྨང་གཞི་འཛུགས་སྐྲུན། དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་ལས་དོན་རྒྱུན་ཆད་མེད་པར་སྤེལ་ཤུགས་ཆེ་རུ་བཏང་ནས། ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་དེ་བས་གཙོ་གནད་དང་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། བདེ་འཇགས་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། མཐའ་ཚད་ཀྱི་བསམ་ཕྱོགས་མཐའ་འཁྱོངས། “ཉེན་ཁར་སྔོན་འགོག་དང་། བདེ་འཇགས་སྲུང་སྐྱོང་། དུས་ཆེན་བསུ་བ”བཅས་ཀྱི་ལས་དོན་གྱི་གཙོ་རྐང་ལ་དམ་པོར་དམིགས་པ། འགན་འཁྲིའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་ནན་པོ། འབྱུང་རྩ་ནས་བཅོས་སྐྱོང་ལ་མཐོང་ཆེན་དང་འགོག་ཟོན་ནུས་ལྡན་གལ་ཆེ་མཉམ་འཛིན། སྐྱོན་ཆ་མཐའ་གཅིག་ཏུ་བསལ་ནས་མི་མངོན་པའི་རྐྱེན་ངན་སེལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་ཕྲའི་ལྷུ་ཚིགས་དང་འགག་རྩར་དམ་པོར་དམིགས་པ་བཅས་བྱས་ཏེ་ལས་དོན་ཏན་ཏིག་དང་ཞིབ་ཕྲ་བསྒྲུབས་ནས་བདེ་འཇགས་བརྟན་ལྷིང་གི་ཐོན་སྐྱེད་ཁོར་ཡུག་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།