[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ལྷ་ཤིང་ཤུག་པ”དེ“འཛམ་གླིང་གི་ལོ་རྒྱུས་རིང་ཤོས་ཀྱི་ཤུག་སྡོང”ལ་བདམས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཉིན་ཤས་གོང་། འཛམ་གླིང་ཤུག་སྡོང་གླིང་གི་ཤུག་སྡོང་ཆེ་ཤོས“ལྷ་ཤིང་ཤུག་པ”དེ་འཛམ་གླིང་གི་ཟིན་ཐོའི་ས་ལེན་ངོས་འཛིན་སྒྲིག་གཞིས“འཛམ་གླིང་གི་ལོ་རྒྱུས་རིང་ཤོས་ཀྱི་ཤུག་སྡོང་ཆེ་ཤོས”སུ་ཁས་ལེན་ངོས་འཛིན་བྱས་པ་རེད། འཛམ་གླིང་ཟིན་ཐོའི་ཁས་ལེན་ངོས་འཛིན་སྒྲིག་གཞིའི་འཐུས་མིས་ས་གནས་ས་ཐོག་ཏུ་ཁས་ལེན་ངོས་འཛིན་གྱི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་དང་སྦྲགས། བྲག་ཡིབ་ཆུས་ལ་ཁས་ལེན་ངོས་འཛིན་གྱི་ལག་ཁྱེར་སྤྲད་པ་དང་ཞིང་འབྲོག་མང་ཚོགས་དང་ཡུལ་སྐོར་བ་ཚོས་ལག་ཏུ་ཁ་བཏགས་ཁྱེར་ནས་རྟེན་འབྲེལ་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འཛམ་གླིང་གི་ཤུག་སྡོང་མཛེས་ལྗོངས་ཁུལ་2018ལོའི་ཟླ་8པར་ཡུལ་སྐོར་བར་སྒོ་ཕྱེ་ཚུན་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་8.9ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་150བྱུང་ནས་མཐའ་འཁོར་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ནུས་ལྡན་ཐུབ་ཡོད། ཁས་ལེན་ངོས་འཛིན་བྱས་པའི“ལྷ་ཤིང་ཤུག་པའི”ཤིང་ལོ་3200ཟིན་པ་དང་2018ལོའི་ཟླ་4པར་རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་དང་ཀྲུང་གོ་ནགས་ལས་སློབ་ཚོགས་ཀྱིས“ཀྲུང་གོའི་གནའ་ཤིང་མཛེས་ཤོས”ཀྱི་གྲས་སུ་བདམས་ཁར། 2018ལོའི་ཟླ་11པར་ཧྲང་ཧའེ་འཛམ་གླིང་ཅི་ཉི་སི་སྤྱི་ཁྱབ་པུའུ་ཡིས“ཀྲུང་གོའི་ཤིང་ལོ་རིང་ཤོས་ཀྱི་ཤུག་སྡོང་”ལ་བདམས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།