[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གོ་འཇོ་རྫོང་གིས“གཤམ་སྤེལ་ལྔའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཉིན་ཤས་གོང་། གོ་འཇོ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་དང་ཇུས་འགོད་བྱས་ཏེ་རྫོང་སློབ་ཆུང་དང་། བཀོད་སྒྲིག་ས་ཚིགས་དང་པོ། རྫོང་སློབ་འབྲིང་བཅས་སུ“གཤམ་སྤེལ་ལྔ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་དམིགས་ཡུལ་ནི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྔར་བས་གཏིང་ཟབ་སྤེལ་བ་དང་། “གཤམ་སྤེལ་ལྔའི”བྱེད་སྒོ་གཏིང་ཟབ་སྤེལ་བར་སྐུལ་འདེད་གཏོང་རྒྱུ་དེ་རེད། གོ་འཇོ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པས་འཁྲུག་ཆ་དོད་པའི་རིག་རྩལ་འཁྲབ་སྟོན་གྱིས་གཞི་རིམ་མང་ཚོགས་ཚོར་རིག་གནས་ཀྱི་སྟོན་མོ་བཤམས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་རོལ་བྱས་པ་དང་། ལྟད་མོ་བ་མི་གྲངས་550ལྷག་ཙམ་ཟིན་ཡོད།

    སླད་ཕྱིན། གོ་འཇོ་རྫོང་གིས་རིག་རྩལ་དམངས་ཕན་གྱི་ནུས་པ་མུ་མཐུད་འདོན་སྤེལ་གང་ལེགས་བྱེད་པ་དང་། བྱེད་སྒོའི་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་སྔར་བས་སྐུལ་འདེད་བཏང་ནས“གཤམ་སྤེལ་ལྔ”དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དེ་རྒྱུན་དུ་གཤམ་སྤེལ་དང་རྒྱུན་དུ་གཤམ་དུ་ཡོད་པ་བྱས་ཏེ་གཞི་རིམ་དང་མང་ཚོགས་ལ་དེ་བས་ལེགས་པའི་ཞབས་འདེགས་ཞུ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།