[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་ཆོས་ལུཌ་ཁྱབ་ཁོངས་སུ་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་དྲིན་འཇལ་བ་བཅས་ཀྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-08

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་བ་དང་ཞི་མཐུན་དཔེ་བཟང་གི་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་གཏོད་འཛུགས་དཔྱད་འདེམས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཆེད། ཉིན་ཤས་གོང་ལྷོ་ཁ་གྲོང་ཁྱེར་གྱི་ཆོས་ལུགས་ཁྱབ་ཁོངས་སུ“ཚད་གཞི་བཞི་མཆོག་ཏུ་འཛིན་པ་དང་ང་དང་མེས་རྒྱལ་གྱིས་མཉམ་དུ་རྟེན་འབྲེལ་ཞུ”བའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།

    འཁྲབ་སྟོན་པ་ཚོས་བྱེད་སྒོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་མཉམ་གཞས་དང་། ཟློས་གར། སྙན་ངག་གྱེར་འདོན། འཁྲབ་ཚན་ཐུང་ངུ་སོགས་ལེ་ཚན་འཁྲབ་སྟོན་བྱས་ནས་མི་རྣམས་ལ་མིག་གི་སྟོན་མོ་ཞིག་བཤམས་པ་རེད། ངོ་མཚར་ཆེ་བའི་འཁྲབ་ཚན་13ལས་དགེ་འདུན་པ་ཚོས་རླབས་ཆེན་མེས་རྒྱལ་ལ་འཆང་བའི་དགའ་ཞེན་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་སྨོན་འདུན་བཟང་པོ་ཞུ་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་རིང་གི་སྤྱི་ཚོགས་འཕེལ་རྒྱས་དང་། དམངས་འཚོ་ལེགས་བཅོས། ཆོས་ལུགས་འཆམ་མཐུན་བཅས་ལ་སྙིང་དབུས་ནས་བསྔགས་བརྗོད་དང་དེ་བཞིན་སྐྱོན་བྲལ་ཤེས་དཔལ་གྱི་འཚོ་བ་གསར་པར་བསྟོད་གླུ་དང་དོན་གཉེར་བྱེད་པ་གང་ལེགས་མཚོན་པ་མ་ཟད། གྲྭ་དམངས་ཀྱིས་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་སྟེ། བྱ་སྤྱོད་དངོས་ནས་ཏང་གི་བཀའ་དྲིན་ཤེས་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་བཀའ་དྲིན་འཇལ་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་དང་བསམ་པའི་ཉམས་འགྱུར་གང་ལེགས་མངོན་པར་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།