[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་དཔེ་མཛོད་ཁང་ལ“སྐར་ལྔ་རིམ་པའི་རིག་བརྟེན་ལོང་སྐྱོར་དང་བླངས་ཞབས་འདེགས་ཚོགས་པའི”མཚན་སྙན་ཐོབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    ཉེ་ཆར་ཀྲུང་གོའི་ལོང་ཡིག་དཔེ་མཛོད་ཁང་གིས་སྤེལ་བའི“སྐར་མ་རིམ་པའི་རིག་བརྟེན་ལོང་སྐྱོར་དང་བླངས་པ་དང་། དེ་བཞིན་ཚོགས་པའི་གཏན་འཁེལ་སྤེལ་རེས་བྱེད་སྒོའི”ཐོག ཀྲུང་གོའི་ལོང་ཡིག་དཔེ་མཛོད་ཁང་དང་ཀྲུང་གོའི་དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་དང་བླངས་པའི་མཐུན་ཚོགས་ཀྱིས་བོད་ལྗོངས་དཔེ་མཛོད་ཁང“སྐར་ལྔ་རིམ་པའི་རིག་བརྟེན་ལོང་སྐྱོར་དང་བླངས་ཞབས་ཞུའི་ཚོགས་པར”བདམས་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། རིག་བརྟེན་ལོང་སྐྱོར་དང་བླངས་ཀྱི་ཞབས་འདེགས་ནུས་པ་ཆེ་རུ་གཏོང་ཆེད། བོད་ལྗོངས་དཔེ་མཛོད་ཁང་གིས་2016ལོ་ནས་བཟུང་ལོང་བའི་ལྟ་ཀློག་ཁང་ཞིག་བཙུགས་པ་རེད། ལོང་བའི་ལྟ་ཀློག་ཁང་བཙུགས་ཚུན་དུ་བོད་ལྗོངས་དཔེ་མཛོད་ཁང་གིས་ལོང་བའི་ཤེས་བྱ་འགྲན་བསྡུར་དང་། ལོང་བའི་ཚོར་ཀློག་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་ཐེངས་མང་སྤེལ་བར་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་དེ་བཞིན་གྲོགས་པོ་ལོང་བ་ཚོའི་བསྔགས་བརྗོད་བཟང་པོ་ཐོབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།