[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་འདྲ་མིན་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ ——

    དམིགས་ཡུལ་གྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཐོག་མའི་བསམ་འདུན་སྲུང་བ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་འགན་འཁྲི་འཁུར་ཕོད་པར་བྱེད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-12

    “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བླང་བྱ་དང་ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་ནས་འགོ་ཁྲིད་ཀྱིས་ཏང་གི་སློབ་ཚན་ཁྲིད་པ་དང་། ཆེད་དོན་འཆད་ཁྲིད་བྱེད་པ། ཆེད་དོན་སློབ་སྦྱོང་བྱེད་པ། འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ་སོགས་ཀྱི་བྱེད་སྒོ་འདྲ་མིན་སྤེལ་བ་རེད། 

    ཚེས་9ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་དང་། ལྗོངས་ནགས་ལས་དང་རྩྭ་ཐང་ཅུས། ཀྲུང་གོ་རྡོ་ཐ་བོད་ལྗོངས་ཡན་ལག་ཀུང་སི་བཅས་ཚན་པ་གསུམ་གྱི་རྫོང་དང་ཁྲུའུ་རིམ་པ་དང་དེ་བཞིན་དེའི་ཡན་གྱི་ཏང་ཡོན་ལས་བྱེད་པར་འགོ་བརྗོད་ལ《དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་སྲུང་བ་དང་དམངས་འཚོའི་འགན་འཁྲི་འཁུར་ནས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་སྔར་བས་ཆེན་པོ་ལྡན་པར་བྱེད་དགོས》ཞེས་འཁོད་པའི་ཆེད་དོན་ཏང་གི་སློབ་ཚན་ཁྲིད་གནང་བ་རེད། 

    ཚེས་10ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཧའེ་ཀྲོའུ་ཡིས་ལས་དོན་ཁག་བགོས་སྡེ་ཚན་གྱི་ཏང་ཡོན་ལས་བྱེད་པར་གསོན་ཉམས་ལྡན་པའི་ཆེད་དོན་ཏང་གི་སློབ་ཚན་ཞིག་ཁྲིད་གནང་བ་རེད། ཝང་ཧའེ་ཀྲོའུ་དང་ཏང་ཡོན་ལས་བྱེད་པས་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་བྱས་པ་དང་། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱ་དང་ཟུང་འབྲེལ་བྱས་ཐོག་ལོ་བརྒྱ་ཕྲག་ལྷག་ཙམ་རིང་གི་གུང་ཁྲན་ཏང་མིའི“ཐོག་མའི་བསམ་འདུན”དང“འགན་འཁྲི”ལ་ཕྱིར་ལྟ་བྱས་ནས་དུས་རབས་གསར་པའི་ཏང་ཡོན་ལས་བྱེད་པའི“བསམ་འདུན”དང“འགན་འཁྲི”ལྷུག་གླེང་གནང་བ་རེད། 

    ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་འཆད་ཁྲིད་གཉེར་བའི་ཐོག་བོད་ལྗོངས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་དགེ་རྒན་ཆེ་མོ་གཞོན་པ་ཀྲོའུ་ཡའོ་ཧུང་གདན་དྲངས་ནས་འགོ་བརྗོད་ལ《བློ་བརྟན་འགྱུར་མེད་ངང་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ——ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་དགོས》ཞེས་འཁོད་པའི་ཆེད་དོན་འཆད་ཁྲིད་གནང་བ་རེད། 

    ཟླ་7ཚེས་9ཉིན། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་པ་འཚོགས་ནས། 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》ཀྱི་འབྲེལ་ཡོད་ནང་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་རེད། 

    ཉིན་ཤས་བསྟུད་མར། ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཏང་ཨུད་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད། “ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཐོག་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་ནས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བསམ་བློའི་ཐོག་དོན་འཁྱོལ་དམ་འཛིན་དང་། ལས་ཀའི་ཐོག་དོན་འཁྱོལ་དམ་འཛིན། བྱེད་ཐབས་ཐོག་དོན་འཁྱོལ་དམ་འཛིན་བཅས་བྱས་ནས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་བ་རེད། 

    ཚེས་8ཉིན། ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱིས་ཐིང་ཐད་གཏོགས་སྡེ་ཚན་ཁག་གི་འཐུས་མི་སྒྲིག་འཛུགས་བྱས་ནས་ཅིང་ཀང་རི་བོའི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་ཏེ། ལྗོངས་སྤྱི་བདེ་ཐིང་གི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་དང་ཆབས་ཅིག སྤྱི་བདེའི་མི་དམངས་ཉེན་རྟོག་པའི་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོར་ཤུགས་སྣོན་བརྒྱབ་ནས། ཏང་ཡོན་མི་དམངས་ཉེན་རྟོག་པའི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད། 

    ཉེ་ཆར། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཨུད་ཀྱི་2019ལོའི་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང(རྒྱ་ཆེའི)ཚོགས་འདུ་ཐེངས་བཅུ་དྲུག་པའི་ཐོག་ཚོགས་ཞུགས་མི་སྣ་སྒྲིག་འཛུགས་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་གློག་བརྙན《ཤང་ཅང་གཙང་པོའི་ངོགས་ཀྱི་དམར་འཐབ》ཞེས་པར་བལྟས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།