[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱིས་ཉིན་རེར་བཙོག་ཆུ་གཙང་གསིང་བྱེད་ཚད་ཏུན་ཁྲི་20ཙམ་ཟིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-10

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར། 2010ལོའི་ཟླ་4པ་ནས་ད་བར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་6.61བཏང་སྟེ་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་5བསྐྲུན་པ་དང་བཙོག་ཆུ་གཙང་གསིང་བྱེད་ཚད་ཉིན་རེར་ཏུན་ཁྲི་19.3ཟིན་ནས་ལྷ་སའི་བཙོག་ཆུ་གཙང་གསིང་ཐད་ཀྱི་རྗེས་ལུས་རྣམ་པ་ཇེ་ལེགས་སུ་ཕྱིན་ལ་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡང་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་སྦྲགས། ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་གི་ནུས་པ་ཆེ་རུ་གཏོང་དགོས་ཀྱི་ཡོད། བཙོག་ཆུ་གཙང་གསིང་ཐག་གཅོད་ཀྱི་ལས་དོན་ལ་སྐུལ་འདེད་མྱུར་པོ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་བཙོག་ཆུ་གཙང་གསིང་ལ་མ་དངུལ་གཏོང་ཚད་མང་དུ་བཏང་སྟེ། གྲོང་ཁྱེར་བཙོག་ཆུ་གཙང་གསིང་བཟོ་གྲྭའི་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་དང་། སྣེའུ་བཙོག་ཆུ་གཙང་གསིང་བཟོ་གྲྭ སྟག་རྩེ་ཆུས་བཙོག་ཆུ་གཙང་གསིང་བཟོ་གྲྭ སྟོད་ལུང་བདེ་ཆེན་ཆུས་བཟོ་ལས་གླིང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བཅས་རིམ་པས་བསྐྲུན་པ་རེད།

    གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་2017ལོའི་ཟླ་8པ་ནས་བཟུང་། དཔལ་སྡིངས་སློབ་གསོ་གྲོང་ཁུལ་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་། དེ་བཞིན་སྙེ་མོ་རྫོང་དང་། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་། འདམ་གཞུང་རྫོང་བཅས་རྫོང་གྲོང་ལྔ་ཡི་བཙོག་ཆུ་གཙང་གསིང་བཟོ་གྲྭ་རིམ་པས་ལས་འགོ་བཙུགས་པ་དང་། སྔོན་དཔག་ལྟར་ན་2019ལོའི་ལོ་མཇུག་ཏུ་སྤྱོད་འགོ་ཡང་ཚུགས་རྒྱུ་རེད། སྐབས་དེ་དུས་ཉིན་རེར་བཙོག་ཆུ་གཙང་གསིང་བྱེད་ཚད་ཏུན་ཁྲི་2.3ཟིན་ནས་རྫོང་གྲོང་གི་བཙོག་ཆུ་གཙང་གསིང་དཀའ་བའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་སྲིད།

    ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལྷ་ས་གྲོང་ཁྱེར་གྱིས“ཆུ་དྭངས། གནམ་སྔོན། ས་གཙང”བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པར་དམིགས་ཏེ། བཙོག་ཆུ་གཙང་གསིང་བྱེད་ཚད་ཟམ་མི་ཆད་པར་མང་དུ་བཏང་སྟེ་ལྷ་སའི་རི་སྔོ་ཆུ་དྭངས་དང་ཁོར་ཡུག་གཙང་མ་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།