[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོས“ངས་སྤོ་བོ་ལགས་ལ་རི་མོ་ཞིག་འབུལ་འདོད”ཅེས་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-21

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ། གཞོན་ནུ་ལོ་ཆུང་གི་སློབ་མར་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུར་རོགས་རམ་བྱ་ཆེད། ཉིན་ཤས་གོང་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་གྲོང་ལྷན་གྱིས་ཁྲེང་ཀོན་ཆུས་ཨུད་དྲིལ་བསྒྲགས་པུའི་མཛུབ་ཁྲིད་འོག ཧའེ་ས་སློབ་ཆུང་དུ་བསྐྱོད་དེ“ངས་སྤོ་བོ་ལགས་ལ་རི་མོ་ཞིག་འབུལ་འདོད”ཅེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་གྱི་རི་མོ་འབྲི་བའི་བྱེད་སྒོ་སྤེལ་བ་དང་སློབ་མ་30ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    རི་མོ་འབྲི་ཡུལ་དུ་སློབ་མ་ཚོས་རང་སོ་སོའི་ཁྱིམ་ཚང་གི་འཚོ་བའི་ཉམས་མྱོང་དང་ད་ཕན་ལོ་ཤས་རིང་རང་ཉིད་ཀྱི་ཉེ་འགྲམ་དུ་བྱུང་བའི་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་ཁྱིམ་ཚང་དང་། སློབ་གྲྭ སྤྱི་ཚོགས་བཅས་ཀྱི་རྣམ་པ་གསར་པ་གསོན་ཉམས་དོད་ལ་ཇི་མ་ཇི་བཞིན་བྲིས་པ་མ་ཟད། སློབ་མ་ཚོས་སྤོ་བོ་ཞི་ལགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད།

    རི་མོ་འབྲི་བའི་བྱེད་སྒོ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སློབ་གསོ་ལག་ལེན་གྱི་བྱེད་སྒོ་དང་ཟུང་འབྲེལ་ནུས་ལྡན་བྱས་པ་དེ་ནི་ཁྲེང་ཀོན་ཆུས་ཀྱིས་ལག་ལེན་གྱི་བྱེད་སྒོ་སྤེལ་བའི་བསྡུས་རིས་ཤིག་ཡིན། ད་ཕན་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱིས་ཐོག་མཐའ་བར་གསུམ་དུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་པ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ། དྲང་ནུས་དར་སྤེལ་གཏོང་བ་བཅས་བྱས་པས་ངར་ཤུགས་སློང་བ་དང་། སྙིང་སྟོབས་རབ་འཕེལ། མི་སེམས་གཅིག་སྒྲིལ་བཅས་ཀྱི་ནུས་པ་གལ་ཆེན་ཐོན་པ་མ་ཟད། གཞི་རིམ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་པ་དང་སྤྱི་ཚོགས་ལས་རིཌ་ཁག་གི་ཚད་མཐོའི་གདེང་འཇོག་ཀྱང་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།