[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཤོངས་དགའ་སྡེ་ཁུལ་གྱིས་བོད་གསར་རྙིང་བསྡུར་བའི་སློབ་གསོའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-21

    ཉིན་ཤས་གོང་། ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་གཤོངས་དགའ་སྡེ་ཁུལ་ཏང་ཀྲི་པུས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བྱེད་སྒོ་དང་ཏང་རྩ་འཛུགས་་ཀྱི་བྱེད་སྒོ་ཟུང་འབྲེལ་བྱས་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་གྱི་འཐུས་མི་སྒྲིག་འཛུགས་བྱས་ནས་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནའ་ཤུལ་འགྲེམས་སྟོན་ཁང་དང་། དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་རྒྱལ་གཅེས་རིང་ལུགས་སློབ་གསོའི་རྟེན་གཞི། མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི་བཅས་སུ་བསྐྱོད་དེ“སྡུག་དྲན་སྐྱིད་བསམ་གྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས། ཆུ་འཐུང་ཕུགས་དྲན་གྱིས་བཀའ་དྲིན་སེམས་ལ་བཅངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བོད་གསར་རྙིང་བསྡུར་བའི་ལྟ་སྐོར་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ཉིན་དེའི་ཞོགས་པ་ཏང་ཡོན་གྱི་འཐུས་མི་ཚོ་བར་སྐོར་ཁྲོམ་གཞུང་དུ་ཡོད་པའི་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནའ་ཤུལ་འགྲེམས་སྟོན་ཁང་དུ་བསྐྱོད་དེ་ལྟ་སྐོར་དང་སློབ་སྦྱོང་བྱས་ཤིང་། དེའི་ནང་གི་ལོ་རྒྱུས་རིག་དངོས་རེ་རེ་དང་ལོ་རྒྱུས་བསྐྱར་ནས་མངོན་པའི་དངོས་ལྗོངས་རེ་རེ་བཅས་ལས་བོད་རྙིང་པའི་སྣང་ཚུལ་ཇི་མ་ཇི་བཞིན་མངོན་པ་དང་། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་གསལ་པོར་བཀོད་པ་དང་ཆབས་ཅིག་ལོ་ངོ་སུམ་བརྒྱ་ལྷག་ཙམ་རིང་བོད་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ར་སྤྲོད་ཀྱང་བྱས་ཡོད།

    ལྟ་སྐོར་བྱེད་པའི་བརྒྱུད་རིམ་ནང་ཚང་མས་ལོ་རྒྱུས་བར་ཁྱམས་བརྒྱུད་སྣེ་ཤན་པའི་འགྲེལ་བཤད་ནན་ཏན་ངང་ཉན་པ་དང་ཆབས་ཅིག་འབྲེལ་ཡོད་ཤེས་བྱ་སྤེལ་རེས་ཀྱང་བྱས་ནས་འགྲེམས་སྟེགས་མདུན་གྱི་འགྲེམས་དངོས་རེ་རེའི་ནང་དོན་ཤེས་རྟོགས་ཡག་པོ་བྱས་ཤིང་། ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་བརྒྱུད་ཚང་མས་ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་གྱིས་རྒྱལ་ཁབ་གཅིག་གྱུར་དང་། མཐའ་མཚམས་སྲ་བརྟན། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་ཆེད་དུ་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་སྔར་བས་ཤེས་རྟོགས་བྱུང་ཡོད།

    ཏང་ཡོན་ཚོས་ད་ཐེངས་ཀྱི་ལྟ་སྐོར་བྱེད་སྒོ་བརྒྱུད་ནས“བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི”ཆོད་གཏམ་ལ་དེ་བས་ཤེས་རྟོགས་གཏིང་ཟབ་བྱུང་། ཕྱིས་སུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། གུང་ཁྲན་ཏང་གི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པ་བློ་ལ་བརྟན་པོར་ངེས་ཀྱི་ཡིན། སླད་ཕྱིན་གྱི་ལས་ཀའི་ཁྲོད“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་རང་འགུལ་ངང་སྲུང་སྐྱོང་བཅས་བྱས་ནས་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པ་དང་། འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ། ཏང་གི་བཀའ་དྲིན་རྟག་ཏུ་བློ་ལ་བརྟན་པོར་ངེས་པ། འབད་འབུངས་བྱས་ནས་སླར་ཡང་མདུན་དུ་བསྐྱོད་དེ་སྡེ་ཁུལ་གྱི་གྲོང་མིར་ཞབས་འདེགས་ཞུ་བའི་ལས་དོན་ཁྲོད་གྲུབ་འབྲས་གསར་པ་ཐོན་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།