[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྙེ་མོ་རྫོང་གིས་ནག་སེལ་གཤེད་བཅོམ་སྐོར་གྱི་ཤེས་བྱ་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-21

    ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ན་སོ་དར་ལ་མ་བབས་པའི་མིའི་བཅའ་ཁྲིམས་ཤེས་བྱ་དང་ནག་སེལ་གཤེད་བཅོམ་སྐོར་གྱི་ཤེས་རྒྱ་ཆེ་རུ་གཏོང་བ། ན་སོ་དར་ལ་མ་བབས་པའི་མིའི་རང་སྲུང་གི་འདུ་ཤེས་ཟབ་ཏུ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་ཆེད། ཉིན་ཤས་གོང་། སྙེ་མོ་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྙེ་མོ་རྫོང་སློབ་འབྲིང་གི་ཀུན་སྤྱོད་སློབ་གསོ་ཁྲུའུ་དང་མཉམ་དུ་གཞོན་ནུ་ལོ་ཆུང་གི་ནག་སེལ་གཤེད་བཅོམ་སྐོར་གྱི་ཤེས་བྱ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད།

    འགྲན་བསྡུར་དེ་དམ་རྒྱུགས་ཀྱི་རྣམ་པའི་ཐོག་ནས་བྱས་ཞིང་། ཚོད་རྒྱུགས་ཀྱི་ནང་དོན་གཙོ་བོའི་གྲས་སུ་ནག་སེལ་གཤེད་བཅོམ་གྱི་ཤེས་དགོས་ངེས་ཀྱི་ཤེས་བྱ་དང་། ནག་སེལ་གཤེད་བཅོམ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ། ཁྲིམས་སྐྱོང་བདེ་འཇགས་སོགས་ཀྱི་ཤེས་བྱ་ཚུད་ཡོད། ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོ་དེས་སློབ་མའི་ནག་སེལ་གཤེད་བཅོམ་གྱི་འབྲེལ་ཡོད་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་པ་རེད།

    ཐེངས་འདིའི་འགྲན་བསྡུར་གྱིས་ཡིག་རྒྱུགས་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ་དང་སློབ་སྦྱོང་དང་ཡིག་རྒྱུགས་གཉིས་ཀར་སྐུལ་འདེད་གཏོང་བའི་རྣམ་པ་སྤྱད་པ་བརྒྱུད། སྙེ་མོ་རྫོང་གི་སློབ་འབྲིང་སློབ་མས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ཤེས་རྟོགས་གསལ་པོ་ཐུབ་པ་མ་ཟད། ད་དུང་མི་ཚང་མས་ཤེས་པ་དང་མི་ཚང་མའི་རྒྱབ་སྐྱོར་ཐོབ་པའི་ཆེད་དོན་འཐབ་རྩོད་ཀྱི་རྣམ་པ་བཟང་པོ་ཞིག་ཀྱང་ཆགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།