[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-21

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཆེད་དོན་འཐབ་རྩོད་ཟམ་མི་ཆད་པར་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཚོགས་འདུའི་ཐོག་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛད་ཕྱོགས་སྲིད་ཇུས་དང་འཐབ་ཇུས་བཀོད་སྒྲིག་དང་དེ་བཞིན་ཀྲུང་དབྱང་ནག་སེལ་གཤེད་བཅོམ་གྱི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཨང་13པའི་བོད་རང་སྐྱོང་ལྗོངས་ཀྱི་ལས་དོན་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་རེད།

    ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ད་ཐེངས་ཀྱི་ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་དེ་ཏང་གཤིས་ཞུན་བརྡར་དང་། ཧེ་བག་འཚོལ་བ། ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་གོ་སྐབས་སུ་བརྩིས་ནས་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། ཁུངས་སྣེ་མཐིལ་རྟོགས་གྲལ་བཤེར་བྱེད་པ་དེ་ནག་སེལ་གཤེད་བཅོམ་གྱི་ཚད་བརྒལ་ས་དང་ཤུགས་རྒྱག་སར་བརྩིས་ནས་བདེ་འཇགས་ཀྱི་ཟང་ཟིང་ཁུལ་གྲལ་བཤེར་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ལ་དམ་འཛིན་བྱེད་པ། གྲལ་བཤེར་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ་བཅས་བྱས་ཏེ་དུས་ཐོག་ཏུ་ཤེས་རྟོགས་དང་། ཞིབ་བཤེར་གནད་ལ་འཁེལ་བའི་འགན་ལེན་བྱས་ནས་ལས་དོན་ཚང་མར་གྲུབ་འབྲས་ཐོན་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།