[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནེ་པ་ལའི་མ་འཇོག་གོ་སྐབས་ཀྱི་བགྲོ་གླེང་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-20

     ཚེས་17ཉིན། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ལྷ་སར“ནེ་པ་ལའི་མ་འཇོག་གོ་སྐབས་ཀྱི་བགྲོ་གླེང་ཚོགས་འདུ”འཚོགས་ཤིང་། ཚོགས་འདུའི་དམིགས་ཡུལ་ནི་ནེ་པ་ལའི་རྒྱལ་ནང་གི་ཁྲོམ་རའི་མ་འཇོག་ཁོར་ཡུག་བསྟན་པ་བརྒྱུད་བོད་ཀྱི་ཁེ་ལས་དེ་བས་མང་བ་ནེ་པ་ལར་མ་དངུལ་འཇོག་པར་འགྲོ་བའི་ཡིད་དབང་འགུག་རྒྱུ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་དང་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་ཁང་གི་ཀོན་ཀྲང་གཞོན་པ་སུའུ་ཧྲེ·ཁུ་མཱ·ལན་ས་ཚོགས་འདུར་ཕེབས་པ་རེད།

    ཚོགས་འདུར་བསྟན་དོན། ཚེས་14ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་གནང་བའི་འཕྲིན་ཡིག་ནང་བསྟན་གནང་དོན། བོད་ཀྱིས་དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་ནས་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བྱེད་དགོས་པའི་ཐུགས་རེ་གནང་ཡོད། འདི་ལོ་ཤར་ཚུན་དུ་སྡེ་ཚན་ཁག་དང་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས་ཀྱི་ཐུན་མོང་འབད་བརྩོན་འོག་རང་ལྗོངས་ཀྱི་མཐའ་མཚམས་འབོར་ཉུང་ཉོ་ཚོང་གིས་དཀའ་ངལ་མཐའ་དག་ཁྱད་དུ་བསད་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔར། སྐྱིད་རོང་འགག་སྒོ་རྒྱལ་ཁབ་གསུམ་པར་སྒོ་དབྱེ་བ་དང་། འགྲམ་འགག་སྒོའི་དོས་སྐྱེལ་ནུས་པ་སླར་གསོ་ཐུབ་ནས། རང་ལྗོངས་ཀྱིས་འགྲམ་དང་སྐྱིད་རོང་འགག་སྒོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་རྣམ་གྲངས་ལ་སྐུལ་འདེད་གཏོང་བར་དམ་འཛིན་བྱེད་བཞིན་ཡོད་པས། རང་ལྗོངས་ཀྱི་མཐའ་མཚམས་འབོར་ཉུང་ཉོ་ཚོང་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཡག་པོ་འཕྲད་སྲིད། ཚོགས་འདུར་ཞུགས་པའི་ཁེ་ལས་ཀྱིས་ནེ་པ་ལ་ཕྱོགས་དང་སྤེལ་རེས་མཐུན་སྦྱོར་ལ་ཤུགས་སྣོན་སྔར་བས་རྒྱག་པ་དང་སྲིད་གཞུང་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ། ནེ་པ་ལ་དང་མཉམ་ལས་བྱེད་པའི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཕྱོགས་གཉིས་ཀྱི་མ་འཇོག་དང་ཕྱོགས་གཉིས་པོའི་ཉོ་ཚོང་མཉམ་ལས་རྒྱ་ཆེར་བཏང་ནས། གཉིས་ཁེ་གཉིས་ཕན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་ཕྱིར་འབད་བརྩོན་བྱེད་རེ་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་གསུམ་པར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་ཡིས་སྲིད་གཞུང་གི་སྐུ་ཚབ་ཚོགས་པ་དང་དེ་བཞིན་རང་ལྗོངས་ཀྱི་ཁེ་ལས་ཀྱི་འཐུས་མི་22ཁྲིད་དེ“2019ལོའི་ནེ་པ་ལའི་མ་འཇོག་དབུ་ཚོགས”ལ་ཞུགས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།