[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་དུ་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན་གཉིས་ཀ་ཆག་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-19

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ལྗོངས་ཡོངས་ཀྱི་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་གྱི་རྒྱ་ཁྱོན་ལོ་10བསྟུད་མར་ཆུང་དུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་དང་། ལྷག་པར་དུ“གཙང་པོ་གཅིག་དང་ཆུ་བོ་གཉིས”ཀྱི་དབུས་རྒྱུད་རྒྱུག་ཁུལ་གྱི་བྱེ་འགྱུར་ཅན་རྒྱུན་མཐུད་ངང་ལེགས་སུ་འགྲོ་ཚུལ་མངོན་གསལ་དོད་པོ་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཁོ་འདོན་བྱས་པའི་ཐང་རྒོད་ཅན་དང་བྱེ་འགྱུར་ཅན་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་ཐང་རྒོད་ཅན་གྱི་ས་ཆའི་རྒྱ་ཁྱོན་2009ལོ་ལས་སྤྱི་ཆིང་ཁྲི་1.36ཆུང་དུ་ཕྱིན་པ་དང་ལོར་ཆ་སྙོམས་སྤྱི་ཆིང་ཁྲི་0.27ཆུང་དུ་ཕྱིན་ནས་ཆུང་དུ་འགྲོ་ཚད་0.06‰ཟིན་པ་དང་། རིགས་ཁག་གི་བྱེ་འགྱུར་ཅན་གྱི་ས་ཞིང་རྒྱ་ཁྱོན་2009ལོ་ལས་སྤྱི་ཆིང་ཁྲི་3.50ཆུང་དུ་ཕྱིན་ནས་ལོར་ཆ་སྙོམས་སྤྱི་ཆིང་ཁྲི་0.70ཆུང་དུ་ཕྱིན་ནས་ཆུང་དུ་འགྲོ་ཚད་0.32‰ཟིན་ཡོད་པ་རེད།

    བོད་ནི་ས་བབ་མཐོ་བ་དང་གནམ་གཤིས་གྲང་ངར་ཆེ་བ་མ་ཟད། ས་བབ་ཆགས་ཚུལ་དང་ཆུ་དཔྱད་དང་གནམ་གཤིས་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་སྣོད་བཅུད་ཁོར་ཡུག་ཅུང་ཉམས་ཞན་དུ་གྱུར་ནས་ས་ཞིང་བྱེ་འགྱུར་ཅན་དུ་འགྱུར་ཚད་དང་ས་ཆུ་ཤོར་ཚད་ཚབས་ཆེན་པོ་ཡོད་པས་བཅོས་སྐྱོང་གི་དཀའ་གནད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ནི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཁྱབ་ཁོངས་ནང་སྣོད་བཅུད་ཁོར་ཡུག་ཞན་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།

    མིག་སྔའི་བར་བོད་ཀྱིས་སྒར་རྫོང་དང་། གཏིང་སྐྱེས་རྫོང་། འབྲོང་པ་རྫོང་། ས་སྐྱ་རྫོང་བཅས་སུ་རྒྱལ་ཁབ་ཀྱི་བྱེ་འགྱུར་ཅན་གྱི་ས་ཞིང་བཀག་སྡོམ་སྲུང་སྐྱོང་ཁུལ་4དང་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་རྒྱལ་ཁབ་ཀྱི་བྱེ་འགོག་བྱེ་བཅོས་ཕྱོགས་བསྡུས་དཔེ་སྟོན་ཁུལ་1བཙུགས་ནས་བྱེ་འགྱུར་ས་ཞིང་སྤྱི་ཆིང་ཁྲི་32བཅོས་སྒྲིག་བྱས་པར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་11.68བཏང་ཡོད་པ་རེད། བྱེ་འགོག་བྱེ་བཅོས་ཀྱི་འདུ་འགོད་ལག་བསྟར་བྱས་པ་བརྒྱུད་འདུ་འགོད་ཁུལ་གྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་རྩི་ཤིང་སྔོ་ཁེབས་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་སྔོ་སའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་དང་བྱེ་འགྱུར་ཅན་གྱི་ས་ཞིང་སྔར་བས་ཉམས་ཞན་དང་རྒྱ་ཆེར་འགྲོ་རྒྱུ་བཀག་འགོག་ཐུབ་ནས་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་ཆེད་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།