[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྟེང་ཆེན་རྫོང་གིས་མི་རིགས་མཐུན་སྒྲིལ་སློབ་གསོའི་བྱེད་སྒོ་སློབ་གྲྭར་སྤེལ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཉེ་ཆར། སྟེང་ཆེན་རྫོང་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་རྫོང་སློབ་ཆུང་དུ“ལག་གདང་སྦྲེལ་ནས་མི་རིགས་མཐུན་སྒྲིལ་དང་། གཅིག་སེམས་གཅིག་སྦྲེལ་བྱས་ནས་ཞི་མཐུན་འཕེལ་རྒྱས་ཡོང་བ་བྱེད་པའི”མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ་སློབ་གྲྭའི་དགེ་སློབ་ཚོའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་ཧུར་ཐག་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅིང་། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཁྱོན་500ལྷག་ཙམ་བྱེད་སྒོར་ཞུགས་ཡོད།

    བྱེད་སྒོ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན། ཏང་གི་མི་རིགས་སྲིད་ཇུས་ཀྱི་རྒྱུན་ཤེས་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱ་རྒྱུར་དམིགས་པ་ཞིག་ཡིན་པས། རྒྱ་ཆེའི་དགེ་སློབ་ཚོས་ཏང་གི་མི་རིགས་སྲིད་ཇུས་ཁོང་དུ་ཡང་དག་ཆུད་པ་དང་གོ་བ་གཏིང་ཟབ་ལེན་པ་དང་མི་རིགས་དབར་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་མཉམ་དུ་སྡོད་པ་དང་། མཉམ་དུ་སློབ་སྦྱོང་བྱེད་པ། མཉམ་དུ་བདེ་སྐྱིད་འཚོ་བར་རོལ་བའི་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཁོར་ཡུག་ཅིག་ཧུར་ཐག་བཏོད་ཡོད། བྱེད་སྒོ་སྤེལ་རིང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་སློབ་ཁང་དུ་ཁྲིད་དེ་སློབ་མ་ཚོས་ཚན་རིག་རིག་གནས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་པ་དང་དུས་མཚུངས་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་དང་མི་རིགས་སྲིད་ཇུས་ཀྱི་ཤེས་བྱ་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།