[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྩྭ་མདའ་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲཌ་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཞིང་འབྲོག་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་། ཞུགས་ཚད། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་གྲོང་ཚོ་དང་དུད་ཚང་དུ་སྐོར་སྐྱོད་དྲིལ་བསྒྲགས་བྱས་པ་རེད།

    བྱེད་སྒོ་སྤེལ་རིང“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་ཞིང་འབྲོག་མང་ཚོགས་ཚོར་སེམས་རྩ་འཁོལ་ལ་ངང་རྒྱུད་རིང་པོས་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་དང་། མི་རིགས་ཁག་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱས་ཏེ་མི་རིགས་ཁག་དབར་མཐུན་སྒྲིལ་ཡག་པོ་བྱེད་དགོས་པའི་སྒྲོག་འགྲེལ་བྱས་པས། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚོས“རང་ཉིད་ཀྱི་མིག་འབྲས་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱེད་པའི”བསམ་བློ་བརྟན་པོ་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།