[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་རྩེ་རྫོང་གི་སྡོད་ཁང་དོ་དམ་མ་ལག་དངོས་སུ་དྲ་བར་ཞུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ལྷ་རྩེ་རྫོང་གི་སྡོད་ཁང་དོ་དམ་ལས་དོན་གྱི་ཕན་ནུས་སྔར་བས་མཐོ་རུ་གཏོང་ཆེད། རྫོང་དེས་སྡོད་ཁང་དོ་དམ་མ་ལག་དངོས་སུ་དྲ་བར་ཞུགས་ནས་སྤྱོད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་རྩེ་རྫོང་གི་སྡོད་ཁང་དོ་དམ་མ་ལག་གིས་སྔོན་ཐོན་གྱི་ཆ་འཕྲིན་ལག་རྩལ་སྤྱད་པ་ནི་རྫོང་རིམ་པའི་སྲིད་གཞུང་གི་སྡོད་ཁང་དོ་དམ་གྱི་ཕྱོགས་བསྡུས་དོ་དམ་ལ་ཞབས་འདེགས་ཞུ་བའི་གཞི་གཅིག་ཅན་གྱི་ཐག་གཅོད་བྱེད་ཐབས་ཤིག་ཡིན་པ་དང་། ལྷ་རྩེ་རྫོང་གི་སྤྱི་ལ་དབང་བའི་སྡོད་ཁང་གི་ཆ་འཕྲིན་དོ་དམ་དང་། དྲ་ཐོག་རེ་ཞུ། སྡོད་ཁང་འདེམས་རྒྱུ་སྟབས་བདེ། དྲ་ཐོག་ཞིབ་བཤེར་བཅས་ཀྱི་ནུས་པ་ཐོན་པ་བྱ་རྒྱུ་དང་དེ་བཞིན་གྲངས་གཞི་ཆེ་མོའི་བསྡོམས་རྩིས་དབྱེ་ཞིབ་བཅས་ལ་ཁྱབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།