[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས“ཕུགས་འདུན་དོན་གཉེར་གྱི་ལྷ་སའི་ཕོ་ཉའི་མ་འཇོག་ཐེབས་རྩ”འཛུགས་རྒྱུའི་གྲོས་འགོ་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཉེ་ཆར། རྒྱལ་ཁབ་ཀྱི“ཀུན་གྱིས་གསར་གཏོད་བྱེད། དམངས་ཀྱིས་བྱ་གཞག་སྐྲུན”ཞེས་པའི་འབོད་སྐུལ་དང་ལེན་བྱས་ཏེ་ལྷ་སའི་གསར་གཏོད་ལས་གཏོད་ཀྱི་གསར་སྐྱེས་སྟོབས་ཤུགས་ལ་རམ་འདེགས་བྱ་ཆེད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས“ཕུགས་འདུན་དོན་གཉེར་གྱི་ལྷ་སའི་ཕོ་ཉའི་མ་འཇོག་ཐེབས་རྩ”འཛུགས་རྒྱུའི་གྲོས་འགོ་བཏོན་པ་རེད། “ཕུགས་འདུན་དོན་གཉེར་ཐེབས་རྩ”ནི་ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ལྷན་བོད་ལྗོངས་འཛིན་ལོར་ལྟ་སྐུལ་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། སྲིད་གཞུང་གི་མ་དངུལ་ཁྲིད་སྟོན་དང་སྒྱུར་བྱེད་གྲངས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་དོ་དམ་བྱེད་ཐབས་སྤྱད་པའི་མ་འཇོག་ཐེབས་རྩ་ཞིག་རེད།

    མིག་སྔར“ཕུགས་འདུན་དོན་གཉེར་ཐེབས་རྩར”མིང་རྟགས་འགོད་རྩིས་བྱེད་པའི་རྣམ་གྲངས་གྲས་སུ། བོད་ལྗོངས་ཀུ་ཤུ་བྱམས་པ་རིག་གནས་གསར་གཏོད་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཧྲེང་ཞུའེ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི། ལྷ་ས་རླུང་རྟ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་སོགས་གསར་ཐོན་ཀུང་སི་9ཡོད་པ་རེད། དེ་དག་ཁྲོད་བོད་ལྗོངས་ཀུ་ཤུ་བྱམས་པ་རིག་གནས་གསར་གཏོད་ཚད་ཡོད་ཀུང་སི་ནི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་ཐོན་པའི་སློབ་མ་3གྱིས་མཉམ་དུ་བཏོད་པའི་བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་དང་། བཟོ་སྐྲུན། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་གསར་གཏོད་ཀུང་སི་ཞིག་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།