[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཡུ་གཞོང་ལྟ་བུའི་བོད་ལྗོངས།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚཌ་པར་གྱི་གསར་འགོད་པ། ཏེང་ཅན་ཧྲེང་།    |    སྤེལ་དུས།   2019-06-12

    སྟག་གདོང་གྲོང་ཚོ་ལྷ་ས་སྐྱིད་ཆུའི་ལྷོ་རྒྱུད་དུ་གནས་པ་དང་ལོ་ངོ་སྟོང་གི་རིང་རི་ལ་དབྱར་ཁ་མ་གཏོགས་སྔོན་པོ་མཐོང་རྒྱུ་མེད། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་མཚོ་བོད་ས་མཐོ་ཡང་བརླན་གཤེར་དུ་གྱུར་པ་དང་ལྷག་པར་དུ་ཉེ་བའི་ལོ་བཅུའི་རིང་། བོད་དུ་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོ་བྱས་པས་སྟག་གདོང་གྲོང་ཚོར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    དུས་རབས་གོང་མའི་ལོ་རབས་80པའི་དུས་འགོར། སྲིད་གཞུང་གི་སྐུལ་སློང་འོག་སྟག་གདོང་གྲོང་ཚོའི་གྲོང་མི་ཚོས་རང་ཁྱིམ་གྱི་རྒྱབ་མདུན་དུ་ཡོ་འབོག་དང་རྒྱ་ལྕང་བཏབ་ཡོད། རྗེས་སུ་སྲིད་གཞུང་གིས་ལྕང་སོན་སྤྲད་དེ་གཞུང་ལམ་གྱི་གཞོགས་གཉིས་དང་། ས་ཞིང་དང་ཆུ་ཡུར། གཙང་འགྲམ་བཅས་སུ་ཤིང་འཛུགས་ནགས་བཟོ་བྱས་པ་རེད།

    ལོ་30ཡི་གོང་ཚེ་རིང་དབང་འདུས་ཀྱིས་ས་སྟོང་མུའུ་3འགན་གཙང་བླངས་པ་དང་། ད་ཆ་ས་ཆ་དེར་རྒྱ་ལྕང་དང་ཡོ་འབོག་སྡོང་པོ་500ལྷག་སྐྱེས་པས་ཚང་མ་སྐྱེ་འཚར་ཧ་ཅང་ལེགས་པོ་ཡོད།

    “ལྕང་མ་མང་དུ་སོང་བ་དང་གྲོང་ཚོའི་ཁོར་ཡུག་ལེགས་སུ་ཕྱིན་པར་བརྟེན། ལྷ་ས་བ་མང་པོ་ཞིག་གཟའ་མཇུག་ཏུ་འདིར་ཡོང་གི་འདུག” ལྕང་གསེབ་འདི་ལོ་གཉིས་གོང་ཡུལ་སྐོར་ཀུང་སི་ཞིག་ལ་སྣོད་བཅུད་སོས་དལ་ཡུལ་སྐོར་གཉེར་བར་ནང་བཤུག་བྱས། གོ་སྐབས་དེར་བརྟེན་ནས་ཚེ་རིང་དབང་འདུས་ཀྱིས་རང་ཁྱིམ་གྱི་སོ་ཕག་ཁང་པ་6སྒྱུར་བཀོད་བྱས་ཏེ་ཞིང་པའི་སྤྲོ་སྐྱིད་ཁང་བཟོས་པས་ན་ནིང་ཁོ་ནར་ཡོང་འབབ་སྒོར་6000བྱུང་ཡོད།

    བོད་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་གསལ། 2018ལོར་བོད་ཀྱིས་བསྡོམས་རྩིས་བྱས་ན་སྒོར་དུང་ཕྱུར་107བཏང་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྤྱད་པ་དང་། བོད་ཀྱི་ནགས་ཚལ་ཁྱབ་ཚད་2003ལོའི་5.93%ནས་2018ལོའི་12.14%བར་འཕར་ཡོད།

    “གངས་ལྗོངས་ས་མཐོའི་དག་ཞིང་འདིར་སྲུང་སྐྱོང་ཡག་པོ་བྱེད་པ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད” བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ས་ཆའི་སྔོ་འགྱུར་ལ་རྒྱུན་མཐུད་སྐུལ་འདེད་བཏང་སྟེ“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་དུ་ཤིང་འཛུགས་སྔོ་འགྱུར་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་སྣོད་བཅུད་དཔེ་སྟོན་ཁུལ་གཏིང་ཟབ་འཛུགས་པ་དང་ཆབས་ཅིག་སྣོད་བཅུད་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་མ་དངུལ་གཏོང་བའི་འཕར་ཚད་20%ཡན་ཟིན་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།