[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲི་ཆུའི་འཁྱིལ་མཚོ་རྒྱས་པས། ཉེན་ཡོད་མང་ཚོགས་གནས་སྤོས་བྱས་འདུག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

    微信图片_20181012163942.jpg

    གསར་འགོད་པར་ཆབ་མདོ་གྲོང་ཁྱེར་འཕྲལ་སྡོམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། ཚེས་11ཉིན་གྱི་ཆུ་ཚོད་གསུམ་དང་ཕྱེད་ཀ་ཡི་བར། འཇོ་མདའ་རྫོང་སྤོ་ལོ་དུམ་བུའི་གཙང་ཆུ་སྔར་བཞིན་རྒྱས་ནས་འཁྱིལ་མཚོའི་རིང་ཚད་སྨི་5600ཙམ་དང་། མཐོ་ཚད་སྨི་70ལྷག་ཙམ། ཞེང་ཚད་སྨི་200ཙམ། ཆུའི་བོངས་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་7840བཅས་ཟིན་ཡོད། ས་གནས་ས་ཐོག་ཏུ་བདེན་མིན་ཞིབ་དཔྱད་བྱས་པ་བརྒྱུད། སྤོ་ལོ་ཤང་དང་དེ་བཞིན་འབམ་གོང་གྲོང་ཚོ་དང་ཉིང་པ་གྲོང་ཚོ“ཁེར་ཆགས་གླིང་ཕྲན”དུ་གྱུར་ཡོད། (དེའི་ནང་སྤོ་ལོ་ཤང་པད་དགེ་རང་བྱུང་གྲོང་ཚོ་དང་ཉིང་པ་རང་བྱུང་གྲོང་ཚོ་ཚང་མ་ཆུས་སྣུབ་ཡོད)

    微信图片_20181012163951.jpg

    མིག་སྔའི་བར་འཁྱིལ་མཚོའི་སྟོད་རྒྱུད་ཀྱི་ཉེན་ཡོད་ཁྱབ་ཁོངས་སྤྱི་ལེ་20ལྷག་ཙམ་ཟིན་པའི་ནང་འཇོ་མདའ་རྫོང་ཨུད་དཔལ་ཤང་དང་སྤོ་ལོ་ཤང་ལ་ཁྱབ་ཡོད། འཁྱིལ་མཚོའི་སྟོད་རྒྱུད་སྣུབ་པ་དང་འཁྱིལ་མཚོ་གློ་བུར་དུ་ཁ་ཤོར་ནས་མི་སྣ་འཆི་རྨས་མི་ཡོང་བར་བྱ་ཆེད། ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞིར་བཟུང་། འཁྱིལ་མཚོའི་སྟོད་སྨད་རྒྱུད་ཀྱི་རྫོང་3དང་ཤང་8ཀྱི་ཉེན་ཡོད་མང་ཚོགས་གོ་རིམ་ལྡན་པའི་ངང་གནས་སྤོ་རྒྱུའི་ཐག་བཅད་པས་ཚེས་11ཉིན་གྱི་ཆུ་ཚོད་16བར་མང་ཚོགས་10126གནས་སྤོས་ཟིན་པ་རེད།

    微信图片_20181012163955.jpg

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།