[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས།

    “མཐོང་ཆེན་གསུམ”ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ཞབས་ཞུའི་ལས་དོན་ལེགས་པར་བསྒྲུབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-12

     ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་ཞབས་ཞུའི་ཕྱོགས་སྟོན་མཐའ་འཁྱོངས་ལ་མཐོང་ཆེན་དང་། ཞབས་ཞུའི་མ་ལག་འཛུགས་པར་མཐོང་ཆེན། ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་བར་མཐོང་ཆེན་བཅས་ཕྱོགས་གསུམ་ནས་འགོ་བརྩམས་ཏེ། ཞབས་ཞུ་རྣམ་པའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་གཞི་རིམ་ཏང་འཛུགས་སྐྱོང་གི་ཞབས་ཞུའི་ལས་དོན་ལེགས་པར་བསྒྲུབ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    ཞབས་ཞུའི་ཕྱོགས་སྟོན་མཐའ་འཁྱོངས་ལ་མཐོང་ཆེན་བྱས་པ། འགོ་ཁྲིད་ལས་བྱེད་པའི་གནས་སྡོད་བརྟག་ཞིབ་དང་། དུས་བཀག་ངོ་བཅར་དང་ལེན། གཞི་རིམ་འབྲེལ་གཏུགས་ས་ཚིགས་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་ཟམ་མི་ཆད་པར་བཏང་བའི་ཁར། ཤང(གྲོང་རྡལ)ཡིག་སྐུར་ངོ་བཅར་སྣེ་ལེན་ཁང་དང་གྲོང་ཚོ(གྲོང་ལྷན)ཡིག་སྐུར་ངོ་བཅར་སྣེ་ལེན་ས་ཚིགས་ཏེ་རིམ་པ་གཉིས་ཀྱི་ལས་སྟེགས་བེད་གང་ལེགས་སྤྱད་ནས་ཞབས་འདེགས་ཡག་པོ་ཞུས་པ་དང་། གྲོང་ཚོ(གྲོང་ལྷན)167ལ་གཞི་རིམ་ཏང་འཛུགས་སྐྱོང་གི་མཛུབ་ཁྲིད་པ་བདམས་ནས་གྲོང་ཚོ(གྲོང་ལྷན)ཁག་གི་ཏང་ཀྲི་པུའུ་ལ་ཏང་རྩ་འཛུགས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་དམངས་ཀྱི་གནས་ཚུལ་གསལ་རྟོགས་དང་། དམངས་འཚོ་འདྲི་རྟོགས། དམངས་འདུན་ཤེས་རྟོགས། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་ཀྱི་ལས་དོན་ཏན་ཏིག་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད།

    ཞབས་ཞུའི་མ་ལག་འཛུགས་པར་མཐོང་ཆེན་བྱས་པ། ཁ་རུབ་ཆུས་ཀྱི་སྲིད་དོན་ལྟེ་གནས་དང་། ཤང(གྲོང་རྡལ)གི་དམངས་ཕན་ཞབས་ཞུའི་ལྟེ་གནས། གྲོང་ཚོ(གྲོང་ལྷན)ཡི་དམངས་ཕན་ཞབས་ཞུའི་ས་ཚིགས་སོགས་ཀྱི་ལས་སྟེགས་ལ་བརྟེན་ཏེ། ཏང་དོན་དང་སྲིད་དོན་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་པས། གོང་ནས་འོག་བར་གྱི་ཞབས་ཞུའི་མ་ལག་ཅིག་ཆགས་པ་དང་། “མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་པ”དེ“ལས་བྱེད་པ་ཕར་རྒྱུག་ཚུར་རྒྱུག་བྱེད་པར”གྱུར་པ། ཞབས་འདེགས་རྐྱང་པ་ནས་ཞབས་འདེགས་སྣ་མང་ལ་གྱུར་ཡོད། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པའི་དེང་རབས་རྒྱང་ཁྲིད་སློབ་གསོའི་ས་ཚིགས་དང་ཞིང་ཁྱིམ་དཔེ་དེབ་ཁང་སོགས་ཏང་ཡོན་ལས་བྱེད་པའི་སློབ་གསོ་ཞབས་ཞུའི་ལས་སྟེགས་རྒྱ་སྐྱེད་ལ་མཐོང་ཆེན་བྱས་ཏེ་དགོས་ངེས་ཀྱི་སྒྲིག་ཆས་དང་རྒྱུ་ཆ་ཆ་ཚང་པོ་སྒྲིག་སྦྱོར་བྱས་པ་མ་ཟད། ད་དུང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་དུས་བཀག་བཞིན་གསོ་སྦྱོང་བྱས་ནས་མང་ཚོགས་ལ་ཕྱོགས་ཡོངས་ནས་ཞབས་འདེགས་ཞུས་པ་དང་ཁྲིད་སྟོན་ཡང་བྱས་ཡོད།

    ཞབས་འདེགས་ཞུ་རྒྱ་ཆེ་རུ་གཏོང་བར་མཐོང་ཆེན་བྱས་པ། གྲོང་ཚོ(གྲོང་ལྷན)167གྱི་ཁྲོད་དུ་ཏང་ཡོན་གྱི་འོས་འགན་ཞབས་འདེགས་རུ་ཁག་བཙུགས་ཏེ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་ཤུགས་ཆེན་སྤེལ་ནས་མང་ཚོགས་ལ་འཚོ་བ་དང་ལས་ཀའི་ཐད་ཀྱི་དཀའ་ངལ་སེལ་རོགས་བྱས་ཡོད། དོན་གཅིག་གྲོས་གཅིག་ལམ་ལུགས་ལག་ལེན་ཧུར་ཐག་བསྟར་བ་དང་། ལས་གཏོད་འཕེལ་རྒྱས་དང་། སྤྱི་པའི་ཞབས་ཞུ། དམངས་འཚོ་འགན་ལེན། ཆ་འཕྲིན་བློ་འདྲི། འགལ་བ་རྩོད་གཞི་བཅས“གྲོང་ཚོ་ནས་ཕྱིར་དོན་མི་དགོས་པ་ལྔ”མངོན་འགྱུར་བྱེད་པ། མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་་འདེགས་ཞུ་བའི“མཐའ་མའི་འགག་གནད”ཏན་ཏིག་སེལ་བ་བཅས་ཀྱིས་རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་ཏང་རྩ་འཛུགས་རྟག་ཏུ་འཁྲིས་སུ་ཡོད་པ་གང་ལེགས་ཚོར་བ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།