[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་སྡེ་ཚོགས་ལས་བྱེད་པས།

    སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་དང་སྡེ་ཚོགས་བོད་ལྗོངས་ཚོགས་ཆེན་བཅུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

     ལྗོངས་ཡོངས་ཀྱི་གཞི་རིམ་སྡེ་ཚོགས་ལས་བྱེད་པ་དང་ལྷག་དོན་དུ་ལས་འགན་གསར་པ་ཁུར་བའི་སྡེ་ཚོགས་ཀྱི་ལས་བྱེད་པའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ཆུ་ཚད་དང་། ཕྱོགས་བསྡུས་ལས་སྒོའི་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉེ་ཆར་སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་ལྗོངས་ཡོངས་ཀྱི་སྡེ་ཚོགས་ལས་བྱེད་པས་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་དང་སྡེ་ཚོགས་བོད་ལྗོངས་ཚོགས་ཆེན་བཅུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ལྷ་སར་གཉེར་བ་རེད།

    ད་རེས་ཀྱི་གསོ་སྦྱོང་ནང་གསོ་སྦྱོང་ལ་ཞུགས་མཁན་གྱིས་གོ་སྐབས་ལ་གཅེས་སྤྲས་དང་སློབ་སྦྱོང་ནན་ཏན་བྱས་ཏེ་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པ་དང་སྡེ་ཚོགས་བོད་ལྗོངས་ཚོགས་ཆེན་བཅུ་པའི་དགོངས་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སྦྱངས་ནས་འབྲས་བུ་ཐོབ་པའི་འགན་ལེན་བྱས་ནས་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་ལ་གསར་གཏོད་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཞིང་། གསོ་སྦྱོང་བྱེད་རིང་། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་ད་དུང་ཀྲུང་དབྱང་སྡེ་ཚོགས་སློབ་གྲྭ་དང་། སྡེ་ཚོགས་ཀྲུང་དབྱང་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་པུའུ། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་བཅས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྡེ་ཚོགས་ཀྱི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན། སྡེ་ཚོགས་ནན་པོས་སྐྱོང་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན། སྡེ་ཚོགས་བོད་ལྗོངས་ཚོགས་ཆེན་བཅུ་པའི་དགོངས་དོན་སོགས་ཆེད་དོན་ཟུར་ཁྲིད་ཀྱི་འཆད་ཁྲིད་བྱས་པ་མ་ཟད། ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་བྱས་པ་དང་། གསོ་སྦྱོང་མཇུག་འགྲིལ་བའི་ཚོད་རྒྱུགས་ཀྱང་བཏང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།