[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དབུལ་སྒྲོལ་འགག་སྒྲོལ་བྱེད་པར་བློ་སྐྱོར་ལ་གཙིགས་ཆེན་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   པ་སངས་དབང་མོ།    |    སྤེལ་དུས།   2018-10-10

    དབུལ་སྒྲོལ་འགག་སྒྲོལ་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མང་ཚོགས་དབུལ་པོ་དངོས་འབྲེལ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་དེ་རེད། སྨྱུག་འཛིན་པས་དབུལ་སྒྲོལ་འགག་སྒྲོལ་བྱེད་པར་གཙོ་གནད་ནི་བློ་སྐྱོར་ལ་གཙིགས་ཆེན་བྱས་ཏེ“དབུལ་སྐྱོར”དང“རིག་སྐྱོར”ཕན་ཚུན་ཟུང་འབྲེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    མང་ཚོགས་དབུལ་པོར་ང་ཚོས་སེམས་གཏིང་ནས་བརྩེ་བ་བཅངས་ཏེ་རོགས་རམ་བྱེད་དགོས། སེམས་རྩ་འཁོལ་པོས་མང་ཚོཌ་དབུལ་པོར་རོགས་རམ་བྱ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཆ་རྐྱེན་གལ་ཆེན་ཞིག་རེད། དུས་རྒྱུན་དུད་ཚང་ཁག་ཏུ་བརྟག་ཞིབ་བྱེད་སྐབས་ང་ཚོས་ངང་རྒྱུད་རིང་པོ་དང་ཞིབ་ཚགས་སྒོས་མང་ཚོགས་དབུལ་པོ་དང་གྲོགས་པོ་བསྒྲིགས་ནས་སྙིང་གཏམ་གླེང་བ་དང་ཁོང་ཚོའི་བསམ་ཚུལ་ཤེས་རྟོགས་བྱེད་པ་དང་འབྲེལ། དབུལ་པོར་འགྱུར་རྐྱེན་འཚོལ་རོགས་དང་གནད་སྨིན་དབུལ་སྒྲོལ་གྱི་ལམ་བུ་འཚོལ་རོགས་བྱས་ནས་ཁོང་ཚོ་སྔ་ཙམ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱེད་དགོས།

    དེ་དང་ཆབས་ཅིག་དབུལ་སྒྲོལ་འགག་སྒྲོལ་ཐད་འགན་འཁུར་ཚན་པ་ཁག་ལ་ལས་འགན་དང་དམིགས་ཚད་ཡོད་དགོས་པ་མ་ཟད། ད་དུང་དེ་དག་ལོ་མཇུག་གི་དཔྱད་ཞིབ་ནང་འཇུག་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་དབུལ་སྐྱོར་ལས་དོན་ལ་ཁ་གཏད་གཅོག་རྒྱུར་སློབ་གསོ་བརྒྱབ་སྟེ་འགན་འཁྲིའི་བསམ་པ་ཆེ་རུ་གཏོང་བ་དང་། དུས་རྟག་ཏུ་དབུལ་སྒྲོལ་འགག་སྒྲོལ་ལས་དོན་སེམས་སུ་བཞག་སྟེ་སེམས་གཏིང་ནས་ཉམས་ཞན་མང་ཚོགས་ལ་ཐུགས་ཁུར་གྱིས་ལས་འགན་འགན་འཁྲིར་བརྩི་བ་དང་གནོན་ཤུགས་སྒུལ་ཤུགས་སུ་བརྩིས་ཁར། སྤྲོ་སེམས་དང་གཅེས་སེམས་འཆང་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ནང་རང་འགུལ་ངང་ཞུགས་དགོས།

    དབུལ་སྒྲོལ་ལས་དོན་ནི་དོན་ཆུང་ཞིག་མིན་ལ། ང་ཚོས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱེད་པ་ལས་དེ་ཉིད་སྦྱིན་པ་གཏོང་བ་ཙམ་དུ་བསམ་མི་རུང་། དེར་བརྟེན་ང་ཚོས་ངེས་པར་དུ་རང་ཉིད་ཀྱི་གཏམ་སྤྱོད་དང་དོན་དག་ཆུང་ཙག་ལའང་དོ་སྣང་བྱས་ཏེ་མང་ཚོགས་ཀྱི་སེམས་ལ་ཕོག་ཐུག་གཏོང་མི་རུང་། བསམ་བློ་སྤེལ་རེས་བྱས་ཏེ་མང་ཚོགས་དབུལ་པོའི་ཟུར་ཚད་ཐོག་ནས་གནད་དོན་ལ་བསམ་བློ་གཏོང་དགོས་ཁར། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་དབུལ་པོར་དབུལ་སྒྲོལ་གྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་རོགས་བྱས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་དགོས།

    གནད་སྨིན་དབུལ་སྒྲོལ་གྱི་འགག་རྩ“གནད་སྨིན”ལ་ཐུག་ཡོད། ང་ཚོས་ཡུལ་བབ་དང་བསྟུན་ནས་མང་ཚོགས་དབུལ་པོར་གནད་སྨིན་དབུལ་སྒྲོལ་གྱི་ལམ་བུ་ཡང་དག་འཚོལ་རོགས་བྱེད་དགོས། དེ་ལྟར་བྱེད་པར་ང་ཚོས“དབུལ་སྐྱོར”དང“རིག་སྐྱོར”གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་དབུལ་སྒྲོལ་གྱི་ཆོད་སེམས་དང་ཡིད་ཆེས་ཆེ་རུ་བཏང་ནས་ཁོང་ཚོའི“སྒུག་རྟེན་སློང”གསུམ་གྱི་རྗེས་ལུས་ཀྱི་བསམ་བློ་འདོར་རོགས་བྱས་ཏེ་སེམས་ནུས་ཡོད་རྒུས་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།