[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལ་མྱུར་སྐྱོབ་རླངས་འཁོར་220ཞལ་འདེབས་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-20

    ཚེས་18ཉིན་གྱི་སྔ་དྲོ། ལྷ་སར“2018ལོའི་སི་ཡོན་མྱུར་སྐྱོབ་ཀྱི་ཀྲུང་གོའི་བྱ་སྤྱོད”དང་པ་ཧྲ་སྤྱི་ཕན་དགེ་སྒྲུབ་ཐེབས་རྩས་བོད་རང་སྐྱོང་ལྗོངས་ལ་མྱུར་སྐྱོབ་རླངས་འཁོར་220ཞལ་འདེབས་རྒྱག་པའི་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འཚོགས་པ་རེད།

    རླངས་འཁོར་རྩིས་སྤྲོད་རྩིས་ལེན་མཛད་སྒོ་འཚོག་ཡུལ་དུ་མཛད་སྒོར་ཞུགས་མཁན་ཚོས་རོགས་སྐྱོར་བྱ་ཡུལ་སྨན་ཁང་ལ་མྱུར་སྐྱོབ་རླངས་འཁོར་གྱི་ལྡེ་མིག་སྤྲད་པ་དང་། རོགས་སྐྱོར་ཐོབ་མཁན་སྨན་ཁང་གི་འཐུས་མིས་གཏམ་བཤད་བྱས་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུས་པ་རེད། ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཝང་ཡ་ལིན་གྱིས་མྱུར་སྐྱོབ་རླངས་འཁོར་སྤྲོད་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

    ལྗོངས་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་ཧྭ་སི་ཡོན་འདུ་འགོད་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས“སི་ཡོན་མྱུར་སྐྱོབ”རྣམ་གྲངས་ཀྱིས་2017ལོར་རང་ལྗོངས་ཀྱི་རྫོང་མི་དམངས་སྨན་ཁང་དང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་74ལ་མྱུར་སྐྱོབ་རླངས་འཁོར་74ཞལ་འདེབས་བརྒྱབ་པའི་རྨང་གཞིའི་ཐོག་ད་ལོ་སླར་ཡང་རང་ལྗོངས་ཀྱི་རྫོང་སྨན་རྩིས་ཁང་ལ་མྱུར་སྐྱོབ་རླངས་འཁོར་22དང་ལྟེ་བའི་ཤང་གྲོང་འཕྲོད་བསྟེན་ཁང་198ལ་མྱུར་སྐྱོབ་རླངས་འཁོར་220སྤྲད་པས། རང་ལྗོངས་ཀྱི་རྫོང་རིམ་པའི་སྨན་ཁང་དང་ལྟེ་བའི་ཤང་གྲོང་འཕྲོད་བསྟེན་ཁང་ལ་མྱུར་སྐྱོབ་རླངས་འཁོར་བཀོད་སྒྲིག་ཁྱོན་ཡོངས་ལ་ཁྱབ་ཡོད། རྣམ་གྲངས་དེ་ལག་བསྟར་བྱས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་གནད་སྨིན་དབུལ་སྐྱོར་གྱི་བླང་བྱ་གསར་པ་མཚོན་པ་མ་ཟད། བདེ་ཐང་གི་བོད་ལྗོངས་དང་ཐ་ན་བདེ་ཐང་གི་ཀྲུང་གོའི་དམིགས་ཚད་མངོན་འགྱུར་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།