[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི“བློ་རིག་རྣམ་པའི”རི་བོའི་རྟེན་རྫས་བཤམས་མཛོད་ཁང་ཕྱི་ཕྱོགས་སུ་སྒོ་ཕྱེ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-20

    འོད་ཟེར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་ལྗོངས་རི་འཛེག་ལས་རིགས་ཀྱི་སྣེ་ཁྲིད་པ་བོད་ལྗོངས་རི་འཛེག་སློབ་གྲྭའི་སྲོལ་གཏོད་པ་ཉི་མ་ཚེ་རིང་གིས་སྐུལ་སློང་བྱས་པའི་མཐོང་ཚོར་དང་། ཐོས་ཚོར། རེག་ཚོར་བཅས་གཞི་གཅིག་ཏུ་འདུས་པའི་རི་བོའི་རིག་གནས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་བབ་ཆགས་ཚུལ། སྣོད་བཅུད་དངོས་རིགས་བཅས་འགྲེམས་སྟོན་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་དང་དམངས་སྲོལ་རིག་གནས་སྒྱུ་རྩལ་གཙོ་བོར་བྱས་ཏེ་མིའི་རིགས་ཀྱི་རི་འཛེག་ལུས་རྩལ་ལོ་རྒྱུས་དང་དེ་བཞིན་འབྲེལ་ཡོད་ཤེས་བྱའི་བོད་ཀྱི་གངས་རི་ཚེ་རིང་མཆེད་ལྔའི་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་ཕྱི་ཕྱོགས་ལ་སྒོ་ཕྱེ་བ་དེ་ནི་བོད་ཀྱི“བློ་རིག་རྣམ་པའི”རི་བོའི་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྟེན་རྫས་བཤམས་མཛོད་ཁང་དེ་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་། མཉམ་འགུལ་ཉམས་ལེན་ཁུལ། གནས་སྐབས་འགྲེམས་སྟོན་བཅས་ཁག་གསུམ་ལས་གྲུབ་པ་དེའི་ནང་ཧི་མ་ལ་ཡའི་རང་བྱུང་རིག་གནས་ཆེན་པོ་གསུམ་དང“རི་འཛེག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་རིག་གནས”ཀྱི་བརྗོད་དོན་གཙོ་བོའི་རྒྱུན་སྲོལ་འགྲེམས་སྟོན་ཆེ་གྲས་ལྔ་ཚུད་པ་དེ་དག་ནི་ཧི་མ་ལ་ཡའི་རང་བྱུང་འགྲེམས་སྟོན་ཚོམས་ཆེན་དང་། ཧི་མ་ལ་ཡའི་རི་འཛེག་རིག་གནས་འགྲེམས་སྟོན་ཚོམས་ཆེན། ཧི་མ་ལ་ཡའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བསམ་པའི་འགྲེམས་སྟོན་ཚོམས་ཆེན། མི་རིགས་ཀྱི་རིག་གནས་འགྲེམས་སྟོན་ཚོམས་ཆེན། ཨོ་ལིམ་ཕིག་དྲན་གསོ་ཁང་བཅས་རེད།

    རྒྱལ་ཡོངས་ཀྱི་ལུས་རྩལ་རིགས་ཀྱི་རྟེན་རྫས་བཤམས་མཛོད་ཁང་11གི་མནའ་འབྲེལ་ཁོངས་གཏོགས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས། བོད་ཀྱི་གངས་རི་ཚེ་རིང་མཆེད་ལྔའི་རྟེན་རྫས་བཤམས་མཛོད་ཁང་ནང་གི་ཨོ་ལིམ་ཕིག་དྲན་གསོ་ཁང་ནི་རྒྱལ་ནང་དུ་མཐོང་དཀོན་པའི་ཆེད་ལས་རང་བཞིན་གྱི་འགྲེམས་སྟོན་ཚོམས་ཆེན་ཞིག་རེད། འགོ་འཛིན་ཉི་སྒྲོན་གྱིས་རྟེན་རྫས་བཤམས་མཛོད་ཁང་དེ་ན་གཞོན་ཚོའི་ངེས་གནས་དང་འཚམ་པའི་དེང་རབས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་རབ་དང་རིམ་པ་ཇུས་འགོད་བྱས་པ་བརྒྱུད་གསར་གཏོད་ཀྱི་བསམ་གཞིག་ལ་བརྟེན་ནས་རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་མངོན་པར་བྱས་ཏེ་རྟེན་རྫས་བཤམས་མཛོད་ཁང་དེ་ཉིད་རྒྱལ་ནང་གི་མདུན་གྲལ་དུ་སླེབས་པའི་ལོ་ཆུང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་རྟེན་གཞི་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།