[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱུག་མཐུད་དབྱུག་པ་ཡག་པོ་མཐུད། སླར་ཡང་འབད་འབུངས་མདུན་སྐྱོད་བྱེད།

    ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་སྡོད་ལས་དོན་སྤེལ་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    519543_yis_1528263558607.jpg

    འདི་ནི་གོ་འཇོ་རྫོང་ལྷ་རྒྱལ་ཤང་ཆུ་ཁ་གྲོང་ཚོར་བཅའ་སྡོད་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་དོན་རུ་ཁག་གིས་དུད་ཚང་དབུལ་པོར་དུད་ཚང་འགན་ལེན་དབུལ་སྐྱོར་མ་དངུལ་སྤྲོད་པའི་གནས་ཚུལ་ཡིན་པ།

    འདི་ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ལྷ་རྒྱལ་ཤང་ལྷ་རྒྱལ་གྲོང་ཚོ་དང་། ཕུ་ཚེ་གྲོང་ཚོ། དོག་པ་གྲོང་ཚོ། ཆུ་ཁ་གྲོང་ཚོ་བཅས་སུ་བཅའ་སྡོད་ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་བཞིས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་འཕེལ་རྒྱས་ཡག་པོ་དང། སྲུང་སྐྱོང་ཡག་པོ། མངོན་འགྱུར་ཡག་པོ་བཅས་བྱེད་པ་གྲོང་སྡོད་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དུད་ཚང་དུ་འཚམས་འདྲི་ཧུར་ཐག་བྱེད་པ་དང་། ལུས་ཚུགས་ཐུབ་པ་དང་། སེམས་གནས་ཐུབ་པ། དམངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པ། དམངས་ཀྱི་བསམ་འདུན་ཉན་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་ཐུབ་པ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་ཐུབ་པ་བཅས་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་པ་རེད།

    གནས་བབ་བརྗེ་རེས་བྱས་ཏེ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱུན་ཡག་པོ་མཐུད་པ།

    གྲོང་སྡོད་ལས་དོན་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འབྲེལ་མཐུད་ཐུབ་པའི་འགན་ལེན་བྱེད་པ་དང་གྲོང་སྡོད་ལས་དོན་ཧྲིལ་པོ་རིམ་པ་སྤོར་རྒྱུར་སྐུལ་འདེད་གཏོང་ཆེད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བདུན་པས་ཁེངས་སྐྱུང་ངང་དེ་སྔའི་ལས་དོན་རུ་ཁག་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་བཀའ་སློབ་ཞུ་བ་དང་། ཁོང་ཚོའི་ལས་ཀའི་བྱེད་ཐབས་དང་ཉམས་མྱོང་བཟང་པོར་སློབ་སྦྱོང་བྱེད་པ། དུས་འགོའི་གྲོང་སྡོད་ལས་དོན་སྤེལ་ཚུལ་དང་། ཕན་འབྲས། དེ་བཞིན་ལྷག་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཞིབ་ཕྲ། གྲོང་ཚོ་ཁག་གི་ཐོན་སྐྱེད་དང་འཚོ་བའི་གཞི་རྩའི་གནས་ཚུལ་ཤེས་རྟོགས་ཡག་པོ་དང་། འབྲེལ་ཡོད་ལས་དོན་རྩིས་སྤྲོད་པའི་གསལ་ཐོར་ཞིབ་དཔྱད་ནན་ཏན་བཅས་བྱས་ཏེ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་རེས་མོས་དང་རྩིས་སྤྲོད་ཀྱི་ལས་འགན་ལེགས་སྒྲུབ་བྱས་པ་རེད།

    གྲོང་ཚོའི་ཏང་ཀྲི་པུའུ་དང“ཨུ་ལྷན་གཉིས”ཚན་ཁག་གི་སློབ་སྦྱོང་སློབ་གསོའི་བྱེད་སྒོར་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཚོའི་ཏང་ཀྲི་པུའུ་དང་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྒྲིག་འཛུགས་བྱས་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་སྲིད་གཞུང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་ལས་ཀའི་བཀོད་སྒྲིག་སློབ་སྦྱོང་བྱས་པ་དང་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་ལ་དམ་འཛིན་བྱས་པ་རེད།

    ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་གྱི་ལས་དོན་ལ་སྐུལ་ཁྲིད་བྱེད་པ།

    བཅའ་སྡོད་བྱ་ཡུལ་གྲོང་ཚོའི་གཞི་རིམ་ཏང་རྩ་འཛུགས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། བརྟན་ལྷིང་སྲུང་སྐྱོང་། ཁ་ཕྲལ་ལ་ངོ་རྒོལ་བཅས་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་གྱུར་པར་བྱས་ཏེ་གྲོང་སྡོད་ལས་དོན་རུ་ཁག་གིས་གནས་སྐབས་ཏང་ཀྲི་པུའུ་མཉམ་འབྲེལ་ཐོག་བཙུགས་པ་དང་། ཏང་ཀྲི་པུའི་ཧྲུའུ་ཅི་དང་ཨུ་ཡོན་ཁག་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱས་པ་དང་ཁ་གསལ་བཟོས་པ། བཅའ་སྡོད་བྱ་ཡུལ་གྲོང་ཚོའི་ཏང་འཛུགས་སྐྱོང་ལས་དོན་སྤེལ་བར་སྣེ་ཁྲིད་དེ་ཞུགས་པ་དང་མཛུབ་ཁྲིད་བྱེད་པ། སློབ་སྦྱོང་གི་རྣམ་པ་དང་། ཞབས་ཞུའི་རྣམ་པ། གསར་གཏོད་ཀྱི་རྣམ་པ། ཁྲིད་སྟོན་གྱི་རྣམ་པ། དམག་འཐབ་ཀྱི་རྣམ་པ་བཅས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཅས་བཏང་ནས་གཞི་རིམ་ཏང་རྩ་འཛུགས་ཚད་གཞི་ཅན་དུ་སྐྲུན་པའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་བ་རེད།

    གྲོང་ཚོའི་ཏང་ཀྲི་པུའུ་ལ་སྐུལ་འདེད་བཏང་ནས་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། གནས་སྐབས་ཏང་ཀྲི་པུས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པའི་སྐབས་དང་བསྟུན་ནས་ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་འདུ་སྐོར་སྐྱོད་ངང་འཚོགས་ཏེ་རིམ་རྩིས་བརྒྱབ་ན་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། གོ་གནས་མེད་པའི་ཏང་ཡོན། གྲ་སྒྲིག་ཏང་ཡོན། ཏང་ཞུགས་ཧུར་བརྩོན་ཅན་བཅས་50ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང《ཏང་གི་སྒྲིག་ཡིག》གསར་པ་སོགས་ཀྱི་ནང་དོན་སློབ་སྦྱོང་དང་གསལ་འགྲེལ་བྱས་པ་རེད།

    སྒྲོག་འགྲེལ་གྱི་ལས་དོན་ཡག་པོ་ཏན་ཏིག་སྒྲུབ་པ་དང་སྒྲོག་འགྲེལ་གྱི་ཕན་ནུས་རྒྱ་ཆེར་གཏོང་ཆེད། གྲོང་ཚོ་ཁག་ཏུ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཚོགས་འདུ་དང་། ཀྲི་པུའི་ཏང་ཡོན་གྱི་ཚོགས་ཆེན། གྲོང་མིའི་ཚོགས་ཆེན་བཅས་བརྒྱུད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱས་པའི་རྨང་གཞིའི་ཐོག་ལས་དོན་རུ་ཁག་བཞིས་མཉམ་སྦྲེལ་ཐོག་ཤུགས་བརྒྱབ་ནས་གཅིག་གྱུར་སྒྲོག་འགྲེལ་ལས་དོན་རུ་ཁག་གྲུབ་ནས་གཅིག་གྱུར་གྱི་སློབ་ཚན་ནང་དོན་དང་གཅིག་གྱུར་གྱི་སྒྲིག་འཛུགས་རྣམ་པར་བརྟེན་ནས་ཟླ་2ཚེས་6ཉིན་ནས་སྐོར་སྐྱོད་གཅིག་སྡུད་སྒྲོག་འགྲེལ་བྱས་པར་ཞུགས་མཁན་མི་400ལྷག་ཙམ་ཟིན་ཡོད་པ་རེད།

    རང་འགུལ་ངང་བྱས་རྗེས་བཞག་སྟེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    གྲོང་སྡོད་ལས་དོན་རུ་ཁག་ཁག་གྲོང་སྡོད་བྱས་པ་ནས་བཟུང་། ཕྲག་ཏུ་དུས་རབས་གསར་པའི་གྲོང་སྡོད་ལས་བྱེད་པའི་འགན་འཁྲི་ཁུར་ནས་དུད་ཚང་དུ་བསྐྱོད་དེ་འཚམས་འདྲི་ཧུར་ཐག་བྱས་པ་དང་། ལུས་ཚུགས་ཐུབ་པ། སེམས་གནས་ཐུབ་པ། དམངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པ། དམངས་ཀྱི་བསམ་འདུན་ཉན་ཐུབ་པ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་ཐུབ་པ། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་ཐུབ་པ། བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་བཟང་པོ་སྒྲུབ་པ་བཅས་བྱས་པ་རེད།

    “དབུལ་པོའི་ནང་ནས་དབུལ་པོ་འདེམས་པའི”རྩ་དོན་ལ་ནན་པོ་གཞིགས་ཏེ་གྲོང་ཚོ་ཁག་གི་དུད་ཚང་དབུལ་པོའི་ནང་ནས་རོགས་སྐྱོར་བྱ་ཡུལ་གནད་སྨིན་ཧྲག་སྒྲུག་བྱས་ནས་གྲོང་ཚོ་བཞི་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་50ཡི་རྨང་གཞིའི་ཐོག་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རང་འགུལ་ངང་ལས་དོན་བསྒྲུབས་ཏེ་རྫོང་དང་ཤང་གི་རྨང་བརྟན་དམངས་ཕན་གཞུང་དོན་ཁང་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་མོས་མཐུན་ཐོབ་པ་བརྒྱུད། མ་མཐའི་འཚོ་བ་འགན་ལེན་སོགས་ཀྱི་དུད་ཚང་དབུལ་པོ་ཁྱོན་26ཁ་སྣོན་བྱས་ཏེ་2018ལོར་དཀའ་ངལ་ཡོད་པའི་དུད་ཚང་76ལ་རོགས་སྐྱོར་བྱ་རྒྱུའི་འགན་གཙང་བླངས་པ་དང་ཞལ་འདེབས་ཕུལ་བའི་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་11.4དོན་འཁྱོལ་བྱས་པས་མང་ཚོགས་422ལ་ཕན་པ་ཐོབ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་རོགས་སྐྱོར་འགན་གཙང་ཡོངས་ཁྱབ་བྱུང་བ་མ་ཟད། རོགས་སྐྱོར་བྱ་ཡུལ་དུད་ཚང་དབུལ་པོའི་ཁྱབ་ཚད་སྤྱི་འབོར་ཡང་ཆེ་རུ་ཕྱིན་ནས་གྲོང་སྡོད་ལས་དོན་རུ་མི་དང་ཧྲུའུ་ཅི་དང་པོས་གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་གདོང་སྐྱོད་དམག་མིའི་ནུས་པ་གང་ལེགས་ཐོན་པ་རེད།

    དེ་དང་དུས་མཚུངས་དུས་རབས་གསར་པའི་ལས་བྱེད་གྲོང་སྡོད་བྱེད་པའི“གཙོ་གནད་ལས་འགན་ཁག་བདུན”གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གྲོང་ཚོའི(གྲོང་ལྡན)བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། བུད་མེད་མང་ཚོགས་ལ་གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་གི་དམིགས་བསལ་དོ་ཁུར་བྱེད་ལུགས་མཚོན་པ། ཚང་མའི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་གི་གཞི་རྩའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བ་བཅས་བྱ་ཆེད། “བུད་མེད་ཀྱི་བདེ་ཐང་ལ་དོ་ཁུར་བྱས་ནས། བུད་མེད་ཀྱི་ཁེ་དབང་འགན་ལེན་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་གཞི་རིམ་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།