[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱིས་ཁྲིམས་ལུཌ་སློབ་གསོར་ཤུཌ་སྣོན་བརྒྱབ་ནས“བདུན་ལྡན་གྲོང་ཁྱེར་མཉམ་གཏོད”ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཉེ་དུས། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གསར་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ཕན་འབྲས་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བཟུང་ནས་རྣམ་པ་སྣ་ཚོགས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་གྲོང་ཁྱེར་ཡོངས་ཀྱི“བདུན་ལྡན་གྲོང་ཁྱེར་མཉམ་གཏོད”ལས་དོན་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད། བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་ཀྱི་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་བརྒྱུད་རིམ་ནང་འཕྲེད་འགེལ་སྦྱར་ཡིག་9བཀལ་བ་དང་། ཁྲིམས་ལུགས་ཀྱི་བློ་འདྲིའི་ལས་སྟེགས་12བཀོད་སྒྲིག་བྱས་པ། འགྲེམས་པང་15བཀྲམ་པ། ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་7650ལྷག་ཙམ་སྤྲད་པ། ཁྲིམས་ལུགས་ཀྱི་བློ་འདྲི་བ་མི་ཐེངས་40ལྷག་ཙམ་ལ་ལན་བཏབ་པ། མང་ཚོགས་མི་ཐེངས་2230ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།

    སློབ་གྲྭར་བསྐྱོད་པ། རི་བོ་ཆེ་རྫོང་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་དང་འཇོ་མདའ་རྫོང་ཁྲིམས་འཛིན་ཅུས་ཀྱི་སྒྲོག་འགྲེལ་ལས་དོན་པས་རྫོང་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གོ་བདེ་ཤེས་སླའི་སྐད་ཆ་དང“གྱོད་དཔེ་དྲངས་ནས་ཁྲིམས་ལུགས་གསལ་འགྲེལ་བྱེད་པའི”བྱ་ཐབས་སྤྱད་པ་དང་། 《རྩ་ཁྲིམས》དང《ཉེས་ཁྲིམས》《ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》《ལོ་དགུའི་འོས་འགན་སློབ་གསོའི་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་འཆད་ཁྲིད་བྱས་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་རྣམས་སྒྲིག་ཁུར་ཁྲིམས་སྲུང་གི་གཞོན་ནུ་ཡག་པོ་དང་སྤྱི་དམངས་ཡག་པོ་ཞིག་ཆགས་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད།

    སྡེ་ཁུལ་དུ་བསྐྱོད་པ། ཆབ་མདོ་གྲོང་ཁྱེར་ས་ཡོམ་ཅུས་ཀྱིས་ཇ་རྟ་ཐང་ཆེན་དུ“བྱ་སྤྱོད་སྤེལ་ནས། ཉེ་འགྲམ་གྱི་གནོད་འཚེ་དང་ཉེན་ཁ་ཉུང་དུ་གཏོང”ཞེས་པའི་བརྗོད་དོན་གཙོ་བོའི་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། ཅུས་དེས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་། འགྲེམས་པང་བཀྲམ་པ། བློ་འདྲིའི་ལས་སྟེགས་བཙུགས་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཐང་ཆེན་ཉེ་འཁོར་གྱི་སྡེ་ཁུལ་དང་གྲོང་མིར་ས་ཡོམ་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་། གནོད་འཚེ་སྔོན་འགོག ས་ཡོམ་ལས་གཡོལ་ཐབས་དང་རང་སྐྱོབ། ཕན་ཚུན་སྐྱོབ་རེས་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།