[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རུ་ཐོག་རྫོང་གིས་གསར་གཏོད་རྣམ་པའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་ཆེད། རུ་ཐོག་རྫོང་གིས་ལས་ཀའི་བྱ་ཐབས་གསར་གཏོད་དང་འགག་སྒྲོལ་དཀའ་སེལ་བྱས་ནས“འཆར་ཅན་གྱི་ཚོགས་འདུ་དང་། བརྡ་ཁྱབ། གསལ་ཐོ། ལྟ་སྐུལ་ཞིབ་བཤེར་བཅས་ཟུང་དུ་འབྲེལ་བའི”ལས་ཀའི་བྱ་ཐབས་བཟོས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “འཆར་ཅན་གྱི་ཚོགས་འདུ་དང་། བརྡ་ཁྱབ་ཟུང་དུ་འབྲེལ་རྒྱུ”ནི་ཟླ་རེར་འཆར་ཅན་གྱི་ཚོགས་འདུའི་ལམ་ལུགས་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་བཙུགས་ནས། ཟླ་རེའི་ཚེས་25ཉིན་དུས་ཚོད་གཏན་འཁེལ་བྱས་ནས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཤང་བཞི་དང་གྲོང་རྡལ་གཅིག ཆེད་དོན་ཚོགས་ཆུང་བཅུ་གསུམ་བཅས་སྒྲིག་འཛུགས་བྱས་ཏེ་རུ་ཐོག་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་ཚོགས་འདུ་འཚོགས་ནས་ཟླ་འདིའི་ལས་དོན་སྤེལ་ཚུལ་ཉན་པ་མ་ཟད། ཟླ་བ་རྗེས་མའི་གཙོ་གནད་ལས་དོན་ཡང་བཀོད་སྒྲིག་བྱས་པ་དང་། “གསལ་ཐོ་དང་ལྟ་སྐུལ་ཞིབ་བཤེར་ཟུང་འབྲེལ་བྱ་རྒྱུ”ནི་རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་ཟླ་རེར་ཟླ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འཆར་གཞི་བཏིང་ནས་བཀྲམ་པ་དང་ཟླ་འདིའི་ལས་འགན་གྱི་གསལ་ཐོ་བཟོས་པ་དང་སྦྲགས་ཟླ་རེའི་ཚེས་20ཉིན་གྱི་གོང་ལས་ཀའི་གསལ་ཐོ་དང་ཟུང་འབྲེལ་བྱས་ནས་རྫོང་ཡོངས་ཀྱི་ཤང་བཞི་དང་། གྲོང་རྡལ་གཅིག་གི་ལས་དོན་ལ་སྐུལ་མ་གཏོང་ཚུལ་ཐད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གཏིང་ཟབ་བྱས་ནས་ལས་ཀ་དོན་འཁྱོལ་ཡོང་བར་སྐུལ་མ་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།