[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲ་ནང་རྫོང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲལ་བཤེར་ཆེ་མོ་དང་དག་ཐེར་ཆེ་མོ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཉེ་དུས། གྲ་ནང་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རྫོང་ཡོངས་ཀྱི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་། ཞིང་ནང་དུ་སྐྱོད་པ། སྡོད་ཁང་དུ་སྐྱོད་པ་བཅས་བྱས་ཏེ་མཐིལ་རྟོགས་དང་། འཆར་འགོད། འཚོལ་ཞིབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲལ་བཤེར་ཆེ་མོ་དང་དག་ཐེར་ཆེ་མོའི་བྱེད་སྒོ་སྤེལ་ཏེ་གྲ་ནང་རྫོང་གི་གྲོང་སྡོད་ལས་བྱེད་པ་ཡོངས་ཀྱི་ཆེད། དུས་རབས་གསར་པའི་གྲོང་སྡོད་ལས་འགན་གཙོ་བོ་ཁག་བདུན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།

    གནས་ཚུལ་མཐིལ་རྟོགས་ཀྱིས་གནད་སྨིན་བརྟག་དཔྱད་བྱས་ཏེ་དབུལ་པོར་གྱུར་རྐྱེན་བཙལ་ཞིང་། རྫོང་ཡོངས་ཀྱི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པས་གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དབུལ་པོ་གནད་སྨིན་དབྱེ་འབྱེད་དང་། ཡིག་ཚགས་དང་དཔྱད་གཞི། ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་མི་མངོན་པའི་རྐྱེན་ངན། སྨན་བཅོས་འགྲོ་སོང་རྩིས་ཞུ། དམངས་ཕན་སྲིད་ཇུས་དོན་འཁྱོལ་སོགས་ཞིབ་ཕྲའི་གནས་ཚུལ་ཞིབ་བཤེར་བྱས་རྗེས་མངོན་གསལ་དོད་པའི་གནད་དོན་ཤེས་རྟོགས་བྱུང་འཕྲལ་དག་ཐེར་དོན་འཁྱོལ་བྱེད་དགོས་པའི་སྐུལ་མ་བཏང་ཡོད། གྲོང་ཚོར(གྲོང་ལྷན)བཅའ་སྡོད་ལས་དོན་རུ་ཁག་གིས་རྫོང་ཡོངས་ཀྱི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་དང་མཐུན་སྦྱོར་གྱིས་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་གི་ཐུགས་ཁུར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་དུད་ཚང་དབུལ་པོ་ཚོས་ཤེས་ཐུབ་པ་བྱས་པ་དང་མང་ཚོགས་དབུལ་པོ་དབུལ་པོར་གྱུར་རྐྱེན་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཞིང་ཕན་ཞིང་དར་དང་ཞིང་ཕྱུག་གི་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱས་པ་རེད། མང་ཚོགས་དབུལ་པོའི་འཚོ་བའི་དཀའ་ངལ་ཞིབ་ཕྲའི་ངང་གསེད་བཀྲོལ་བྱས་ཏེ་བརྟག་ཞིབ་སྙན་ཞུ་ཆགས་པར་བྱས་ནས་མང་ཚོགས་དབུལ་པོ་དུས་བཀག་ཐོག་དབུལ་སྒྲོལ་ཐུབ་པ་དང་གཞི་རིམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཚན་རིག་དང་མཐུན་པའི་དཔྱད་གཞིའི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།

    བསམ་ཕྱོགས་འཚོལ་ཞིབ་ཀྱིས་གནད་སྨིན་སྲིད་ཇུས་སྤྱད་དེ་ཐབས་ཤེས་བཏོན་ཞིང་། རྫོང་ཡོངས་ཀྱི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པས་འཚམས་འདྲི་དང་བརྟག་ཞིབ་བྱས་པ་བརྒྱུད་གྲོང་ཚོའི(གྲོང་ལྷན)དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་ཚོད་འཛིན་བཟོ་བའི་འཇུར་མིག་ཞིབ་འཇུག་དང་བརྡར་གཅོད་བྱས་ཏེ་མང་ཚོགས་ལ་དབུལ་སྒྲོལ་གྱི་བསམ་ཕྱོགས་གསལ་པོ་བཟོ་རོགས་བྱས་པ་དང་ཞིང་འབྲོག་པར་བྱ་བ་དངོས་སྒྲུབ་རོགས་དང་དཀའ་ངལ་སེལ་རོགས་བྱས་པ་རེད། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་རྫོང་ཡོངས་ཀྱི་གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་དང་མཉམ་དུ་བློ་བསྡུས་དགེ་འཚོལ་གྱིས་ཐབས་ཤེས་འཚོལ་བ་དང་། དམངས་སེམས་གཅིག་མཐུན་གྱིས་བྱེད་ཐབས་བཙལ་ཏེ་མང་ཚོགས་ཀྱི་ཆ་འཕྲིན་གོ་དཀའ་བ་དང་། ལག་རྩལ་མི་འདང་བ། ནད་ཀྱིས་མནར་བ་སོགས་མང་ཚོགས་དབུལ་པོར་གྱུར་པའི་གནད་དོན་ལ་དམིགས་ཏེ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་མང་ཚོགས་ལ“ཚན་རྩལ་དང་། ཆ་འཕྲིན། ལག་རྩལ། ལས་གནས། དངོས་ཟོག བདེ་ཐང་བཅས་གཤམ་སྤེལ་བྱེད་པའི”བྱེད་སྒོ་སྤེལ་ནས་གྲོང་མི་དབུལ་པོ་2000གིས་རང་སོ་སོའི་དཀའ་སྤྱད་འབད་བརྩོན་གྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སློབ་གསོ་ཁྲིད་སྟོན་བྱས་ཡོད་པ་རེད།

    ཐབས་ལམ་བཙལ་ནས་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཡོང་བ་བྱས་ཤིང་། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པས་གྲལ་བཤེར་ཆེ་མོ་དང་དག་ཐེར་ཆེ་མོའི་ལས་དོན་སྤེལ་ཚུན་གྲོང་ཚོ(གྲོང་ལྷན)འགན་གཙང་ལེན་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་བའི་ཁྲོད་གནས་པའི་གནད་དོན་ལ་དམ་པོར་དམིགས་ནས་རྒྱུན་སྲིང་ལྷོད་མེད་ངང་དག་ཐེར་དོན་འཁྱོལ་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་གཟིགས་སྐྱོང་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་པ་རེད། བཅའ་སྡོད་གྲོང་ཚོའི(གྲོང་རྡལ)ས་བབ་ཀྱི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཡོང་བའི་ཐད་འབད་བརྩོན་བྱས་པ་དང་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་མཐུན་སྦྱོར་ངང་དབུལ་སྐྱོར་རྣམ་གྲངས་22རག་ཐབས་བྱས་པར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་793.73ཟིན་པ་དང་བཅའ་སྡོད་གྲོང་ཚོར་ཐོན་ལས་སྲིད་ཇུས་དང་འཚམ་པ་དང་། ཁྲོམ་རའི་མདུན་ལམ་ཡག་པ། ལས་ཞུགས་སྣེ་ཁྲིད་ཀྱི་ནུས་པ་ལྡན་པ་བཅས་ཀྱི་མཉམ་སྡེབ་དཔལ་འབྱོར་དངོས་ཚན་16དང་ཆེད་ལས་མཉམ་ལས་རྩ་འཛུགས་39གཉེར་ནས་འགན་གཙང་བླངས་པའི་རོགས་སྐྱོར་དུད་ཚང་184དངོས་ཚན་རྣམ་གྲངས་བརྒྱུད་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བར་རོགས་རམ་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།