[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་འདི་ལོའི་མཐོ་རྒྱུགས་ཀྱི་སྐར་གྲངས་དོན་པའི་དུས་ཚོད་གཏན་འཁེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    ཚེས་10ཉིན་གྱི་ཕྱི་དྲོར། གསར་འགོད་པས་རང་ལྗོངས་ཀྱི་2018ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཡིག་རྒྱུགས(གཤམ་དུ་རང་ལྗོངས་ཀྱི་2018ལོའི་མཐོ་རྒྱུགས་ཞེས་བསྡུ་རྒྱུ)ཀྱི་དྲ་ཐོག་རྒྱུགས་བཅོས་སྐུལ་སློང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་2018ལོའི་མཐོ་རྒྱུགས་ཀྱི་དྲ་ཐོག་རྒྱུགས་བཅོས་ཟླ་6ཚེས་11ཉིན་འགོ་ཚུགས་རྒྱུ་ཡིན་པ་དང་། དྲ་ཐོག་རྒྱུགས་བཅོས་ལས་དོན་མཇུག་འགྲིལ་རྗེས། མཐོ་རྒྱུགས་དྲ་ཐོག་རྒྱུགས་བཅོས་གཞུང་ལས་ཁང་གིས་རྒྱུགས་སྤྲོད་སློབ་མའི་སྐར་གྲངས་དང་། སློབ་མའི་ཐེམ་ཁུངས། སློབ་བསྡུའི་འཆར་གཞི་བཅས་ཕྱོགས་བསྡུས་དབྱེ་ཞིབ་བྱས་ནས་མཐོ་སློབ་ཀྱི་སློབ་བསྡུའི་སྐར་གྲངས་ཚད་གཞི་དམའ་ཤོས་ཀྱི་གྲོས་འགོ་དང་ཇུས་གཞི་ཞིབ་བཟོ་བྱ་རྒྱུ་དང་འབྲེལ། རང་སྐྱོང་ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ལྷན་ལ་ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུ་ཡིན་པ་དང་སློབ་མའི་ཡིག་རྒྱུགས་སྐར་གྲངས་བསྐྱར་ཞིབ་བྱས་ནས་ནོར་འཁྲུལ་མེད་པར་གཏན་འཁེལ་བྱས་རྗེས། ཟླ་6ཚེས25ཉིན་སྤྱི་ཚོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་རེད་འདུག

    ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གི་ཡོན་ཀྲང་ཁང་ལེང་ཧྭ་ཡིས་གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁང་གིས་སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལས་ཀའི་བྱ་ཐབས་ལ་སྔར་བས་ཤུགས་སྣོན་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་། དོ་དམ་ལམ་ལུགས་འཐུས་ཚང་། ལས་ཀའི་འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་རྒྱུགས་བཅོས་དང་སྐར་གྲངས་རྒྱག་པ། སྐར་གྲངས་ཁྱབ་བསྒྲགས། སློབ་བསྡུ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ་སྐར་གྲངས་ལ་ནོར་འཁྲུལ་ཕྲན་བུ་ཙམ་ཡང་མི་ཐོན་པ་དང་། སྐར་གྲངས་དུས་ཐོག་དང་ཡང་དག་ངང་ཁྱབ་བསྒྲགས། སློབ་བསྡུ་དྲང་སྙོམས་དང་། དྲང་གཞག ཡོངས་བསྒྲགས་བཅས་ཡོང་བར་བྱས་ནས་འདི་ལོའི་སློབ་བསྡུའི་ཡིག་རྒྱུགས་བདེ་འཇགས་དང་དྲང་སྙོམས་དྲང་གཞག་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།